e-texts navigator
Collection
Volume
Page
Wylie

5a1 བཞག་སྟེ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ཀླགས་ན་དེའི་ཚེ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག
5a2 དང་བཅས་ཤིང་། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ནད་འགྲོ་བ་དང་། མི་ངས་དེ་རབ་ཏུ་ཞི་བར་བྱེད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས
5a3 ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལས་ལྷག་པའི་རིག་སྔགས་ཆེས་སྟོབས་དང་ལྡན་པ་འམ། གཟི་བརྗིད་ཆེ་བ
5a4 འམ། རྫུ་འཕྲུལ་ཆེ་བ་འམ། མཐུ་ཆེ་བ་གང་ཡང་མ་མཆིས་སོ།། རིག་སྔགས་ཐམས་ཅད་ཀྱི་མཆོག། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ཡུལ་གང
5a5 དག་ཏུ་སྤྱོད་པར་འགྱུར་བའི་གནས་དེ་དག་ཏུ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ།། ཏདྱ་བ། བརྗོ་བརྗེ་བརྗེ། ཨ་མྲྀ་ཏ་བཛྲེ། ཧུ་ཏཱ་ཤ་ནི། བྷན་ཛ་བྷན་ཛ་བྷེན་ཛ།
5a6 བྷན་ཛ་བྷན་ཛ། སྟཾ་བྷ་ཡ། སརྦ་ས་གྲ་ཧ་ཎ། ཧུ་མ་ཧུ་མ་ཧུ་མ། ཕཊ་པཱཊ་ཕཊ། གྷཱ་ས་གྷས་གྷ་ས། པ་ཊ་པཊ་པ་ཊ་པ་ཊ་པ་ཊ། བྷ་ཊཱ། མུ་རུ་མུ་རུ་མུ་རུ།
5a7 དྷ་མ་དྷ་མ་དྷ་མ། ཛ་ལ་ཛ་ལ་ཛ་ལ། ཁུ་ཁྲུ་མེ། ཁུ་ཁུ་མེ། གྷི་རི་གྷི་རི་གྷི་རི། བཛྲ་མ་ནཱ་སི། བཛྲེ་ཧུ་ཏི། ཧུ་ཏི་རུ། ཕུ་རུ་པུ་རུ། གྲ་ས་གྲས། སརྦ་ཨ་ཧི་ཏེ།
5a8 ཥནན། ན་བྷུ་རུ་ཎེ། མུ་མུ་ལེ། བཛྲ་པྲ་དཱི་པ་ནི། ཙམ་ལེ་པྲ་སཱཧཱ། ཨ་ཡུ་པཱ་ལ་ནི་ཊུ་ཙུ་རེ་སྭཱཏྨ། ཛ་ཡ~ཾ་ཛ་ཡེ་ཛ་ཡ། ཛ་ཡ་ས~ཾ་བྷ་བྷ་སྭཱཧཱ། ཛ་ཡོད་ཏ་མེ་སཏྭ། ཛ




iiif viewer powered by OpenSeadragon

4b - 5b

Texts on this page

Ng52.46 - 'phags pa rgyal ba can zhes bya ba'i gzungs