e-texts navigator
Collection
Volume
Page
Wylie

4a1 གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་དེར་བསྲུང་བར་འགྱུར་རོ།། ཡུལ་དེར་ཕ་རོལ་གྱི་དམག་ཚོགས་ཀྱིས་གནོད་པར་མི
4a2 འགྱུར་རོ། ས་ཕྱོགས་མི་ངས་མི་འབྱུང་ངོ་།། དགྲ་མི་འབྱུང་ངོ་།། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྱི་བཞིན་འབྲང་བ་དང
4a3 ལན་ཅིག་དེར་བསྲུང་ངོ་།། ཡོངས་སུ་སྐྱོབ་པོ།། ཡོངས་སུ་འཛིན་ཏོ།། ཞི་བ་དང་བདེ་ལེགས་སུ་འགྱུར་བ་བྱེད་དོ།། ཆད་པ་སྤོང་ངོ་།། མཚོན་ཆ་སྤོང་ངོ་།། དུག
4a4 གསོད་དོ།། མི་འཛའ་བ་འགོག་གོ།། མཚམས་གཅོད་དོ།། ས་བཅིང་ངོ་།། ཏདྱ་ཐཱ། ཏ་པ་ནི་ཏ་པ་ནི། པྲ་ཏ་པ་ནི། དྷུ་རུ་མེ་དྷུ་རུ་མེ། བུད་དྷ་ཨ་དྷིཥྛི་ཏེ། མུ་ཥ
4a5 སུ་མུ་ཁེ། སུ་མུ་ཁེ། སྭ་ལ་པྲ་ཏེ། ས་མཱ་ཧི་ཏེ། ས་མ་དྷི་གརྦེ། མ་ན་སི། ཕུ་རུ་པུ་རུ་པུ་རུ། དྷུ་རུ་བུད་དྷ། མཱ་ན་སི་ཀ་སྭཱ་ཧཱ། ལག་ན་རྡོ་རྗེ་འདི་དག་ནི་དེ་བཞིན་གཤེས
4a6 པས་སྤྱི་བོ་ནས་དབང་བསྐུར་བའོ།། གསང་བའི་གནས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས
4a7 བརླབས་པའོ།། ལག་ན་རྡོ་རྗེ་མིའི་རྒྱལ་པོ་གང་ལ་ལ་ཞིག། རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་གླེགས་བམ་ལ་ལེགས་པར་བྲིས་ཏེ། འཆང་ངམ། ལུས་ལ་བཏག
4a8 ཏེ་འཆང་ཞིང་དེ་ལ་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། མེ་ཏོག་སྣ་ཚོགས་ཀྱི་ལྷབ་ལྷུབ་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད།




iiif viewer powered by OpenSeadragon

3b - 4b

Texts on this page

Ng52.46 - 'phags pa rgyal ba can zhes bya ba'i gzungs