| e-texts navigator |
| Wylie |
3b1 ནམ། སྲིན་པོ་འམ། ཡི་དགས་སམ། ཤཾ་ཟ་འམ། རྗེད་བྱེད་དམ། གསོད་བྱེད་དམ། བྱད་དམ། རོ་ལངས་སམ། བཀྲ་མི་ཤིས་པ་འམ། མ་མོའི་གདོན་ཏམ། []
3b2 སྐེམ་བྱེད་དམ། སྐེམ་བྱེད་ཀྱི་གདོན་ཏ་པ། ཟ་བའི་གདོན་དེ་དག་ཐམས་ཅད་རྨུགས་པར་བགྱིའོ།། རེངས་པར་བགྱིའོ།། ཏདྱ་ཐཱ། བཛྲེ་བཛྲེ་བཛྲེ་ཧ་ན་བཛྲེ། ནི་ཧན
3b3 བཛྲེ། ཥད་ཁཱད། བཛྲ་ཎི། སྭཊ་ཡ་སྥ་ཊ་ཡ་སྥཱ་རྦ་ཡ། བཛྲ་ཎི། ཧཱ་མ་ཧཱ་མ་དཱམ། ཕཊ་ཕཊ་ཕཊ། གྲས་གྲས་གྲ་ས། པཱ་ཏ་ཡ། པཱ་ཏ་ཡ། དྷ་ར་དྷ་ར། བདག་དང་།
3b4 སེམས་ཅན་ཐམས་ཅད་འཇིགས་པ་དང་། གནོད་པ་ཐམས་ཅད་དང་། འཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་ལས་སྲུངས་ཤིག།
3b5 ཛ་ཡ་ཀ་རཱི། ཛ་ཡཾ་ཀུ་རུ། ཏཱ་ར་ཏ་ར་ཏ་ར། མ་ཧཱ་ཏ་ར་ཎི། ཀུ་ཊེ་ཀུ་ཊེ་ཀུ་ཊེ། བཛྲ་ཀུ་ཊེ་སྭཱཧླ། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན
3b6 རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ།། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ།། ལག་ན་རྡོ་རྗེ་སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བ་དང་། སྙིང་བརྩེ་བའི་ཕྱིར་ཞུས་པ
3b7 ཡང་ལེགས་སོ།། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་སུའི་ལག་ཏུ་སོང་སྟེ། ལུས་ལ་བཏགས་སམ། གླེགས་བམ་དུ་བྲིས་སམ། གྲོང་ངམ། གྲོང་ཁྱེར
3b8 རམ། གྲོང་རྡལ་ལཾ། གཙུག་ལག་ཁང་ངམ། གནས་ཁང་ངམ། འཆག་ས་ན་སྤྲོད་པར་འགྱུར་བ་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་དང་བཅས་པར