| e-texts navigator |
| Wylie |
3b1 མེ་བ་ལེ་བ་ལེ། ཨ་ནུ་ཤ་ཨ་བ་ལེ། ཨ་ནུ་ཤ་ཨ་བ་ལེ། བུདྡྷ་ཨཱ་ཀཱ་ཤ་གུ་ཎེ་བུདྡྷ། ཨཱ་ཀཱ་ཤ་ནིར་གུ་ཎེ། ཨ་མྲྀ་ཏ་དུན་དུ་བྷིཿས་རེ་སཱ་ཧཱ། དགེ་སློང་དག་དད་པའི་རིགས་ཀྱི་བུའམ། རིགྲ
3b2 ཀྱི་བུ་མོ་གང་ལ་ལ་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་གཟུངས་འདི་སྐད་བསྟེན་པ་དེ་བཞིན་དུ་ཁ་བཏོན་བྱེད་པ་དེས། གོས་གཙང་མ་བགོས་ཏེ་ས་ཕྱོགས་གཙང་ཞིང་དྲི་མེད་ཕྲ
3b3 དེ་བཞིན་གཤེགས་པ་ཚེ་དཔག་མེད་ལ་མེ་ཏོག་དང་སྤོས་ཀྱིས་མཆོད་པར་བྱའོ།། བྱང་ཆུབ་ཀྱི་སྙིང་པོ་པདྨའི་གནས་དང་། བྱང་ཆུབ་ཀྱི་ཤིང་ཕུན་སུམ་ཚོགས་པ་ཡང་ཡིད་ལ།
3b4 བྱའོ།། དེ་ལ་ཡང་འདོད་པ་བསྐྱེད་པར་བྱས་ཏེ། འདོད་པ་དང་དད་པ་བྱས་ན་དེ་བཞིན་གཤེགས་ཆེ་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ།། དགེ་སློང
3b5 དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ཤིང་གི་རྒྱལ་པོ་ནི་རིན་པོ་ཆེའི་པདྨ་རྣམ་པར་སྣང་བ་ཞེས་བྱ་བ་ཤིང་དེ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པའོ།། པདྨའི
3b6 གདན་ནི་དག་ཅིང་གསལ་ལ་བཟང་ཞིང་བཀྲ་བའི་འོད་ཟེར་ཅན་ཞེས་བྱ་བ་སྟེ། རིན་པོ་ཆེ་དུ་མས་བསྐོར་བ་ལ་དེ་བཞིན་གཤེགས་པ་ཆེ་དཔག་མེད་བཞུགས་སོ།། གཡས
3b7 ན་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གོ།། གཡོན་ན་ནི་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའི་ཚོ་གས་གྲངས་མེད་པ
3b8 བསྐོར་ཏོ།། དད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་མོས་པ་དང་དད་པ་དང་གུས་པ་མང་བ་དེར་སྐྱེ་བར་འགྱུར་ཏེ། གསེར་གྱི་ས་གཞི་ཆེན་པོ་ལ་རིན་པོ་ཆེ