e-texts navigator
Collection
Volume
Page
Wylie

1b1 རྒྱ་གར་སྐད་དུ། ཨཱརྱ་ཨ་པ་རི་མི་ཏ་ཨ་ཡུར་ཛྙཱ་ན་ཧྲི་ད་ཡ་ན་མ་དྷ་ར་ནི། བོད་སྐད་དུ། འཕགས
1b2 པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ
1b3 ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གངྒ་ཏས་བསྐོར་བའི་རྫིང་བུའི་འགྲམ་ན།
1b4 དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།
1b5 དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་ནས། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་།
1b6 བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། བདེ་བ་ཅན་གྱི་འཇིག་རྟེན
1b7 ཁམས།། དེ་ན་རྫོགས་པའི་སངས་རྒྱས་བཞུགས།། དེ་བཞིན་གཤེགས་པ་ཆེ་དཔག་མེད།། སུ་ཞིག་དེ་ཡི་མཚན་བརྗོད་ན།། དེ།




iiif viewer powered by OpenSeadragon

1a - 2a

Texts on this page

Ng52.3 - 'phags pa tshe dang ye shes dpag tu med pa'i snying po zhes bya ba'i gzungs