| e-texts navigator |
| Wylie |
6a1 མ་ཡིན། ནམ་མཁའ་ལྡིང་གིས་མ་ཡིན། མི་འམ་ཅིས་མ་ཡིན། རིག་སྔགས་འཆང་གིས་མ་ཡིན། མཁའ་འགྲོ་མས་མ
6a2 ཡིན། དུས་མ་ཡིན་པར་འཆི་བས་དུས་བྱེད་པར་མི་འགྱུར། རིག་སྔགས་དང་། གསང་སྔགས་དང་། སྨན་རྣམས་ཀྱིས་མི་ཚུགས། ཕ་རོལ་གྱི་དམག་ཚོགས་ཀྱི
6a3 མི་ཚུགས་སོ།། ཕ་རོལ་གྱི་དམག་ཚོགས་ཀྱིས་འཆི་བའི་དུས་བྱེད་པར་མི་འགྱུརརོ།། ལུས་ལ་མཚོན་གྱིས་མི་ཚུགས། ལུས་ལ་མེ་དང་། ཆུ་དང་།
6a4 དུག་དང་། རིག་སྔགས་དང་། གསང་སྔགས་དང་། སྨན་རྣམས་ཀྱིས་མི་ཚུགས་སོ།། གང་གིས་སྡིག་པ་བྱས་པ་དང་། བྱེད་དུ་བཅུག་པ་དང་། རྗེས་སུ
6a5 ཡི་རང་བ་དེ་ཉིད་ལ་སླར་འབབས་པར་འགྱུར། དེ་ཉིད་སླར་འགྲོ་བར་འགྱུརརོ།། ཀོའུ་ཤི་ཀ་དེ་ལྟར་བས་ན་དད་པའི་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན
6a6 ནམ། དགེ་བསྙེན་མ་འམ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་རིག་སྔགས་འདི་ཆུ་ལ་ལན་བདུན་བཟླས་ཏེ། བདག་གི་ལུས་ལ་བླུགས་ན། བདག་གི་ལུས
6a7 མ་ལུས་པར་བསྲུང་བར་འགྱུར་རོ།། འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་། ཡམས་ཀྱི་ནད་དང་། ནད་འགྲོ་བ་ཐམས་ཅད་དང་། རིག
6a8 སྔགས་ཐམས་ཅད་དང་། གསང་སྔགས་དང་། སྨན་ཐམས་ཅད་དང་། བྱད་ཐམས་ཅད་ལས་ཤིན་དུ་འདས་པར་འདོད་པས། གསེར་ཅན་གྱི་རིག་སྔགས