e-texts navigator
Collection
Volume
Page
Wylie

3b1 གཟུངས་སྔགས་བཟླས་བརྗོད་བྱེད་ཅིང་། མཆོད་རྟེན་འབུམ་བྱས་ལ་གདུགས་དང་རྒྱལ་མཚན་དང་། བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མ
3b2 ཆེན་པོ་དང་། ཡང་ན་ཆུ་ཀླུང་དུ་བཏང་ན་དེས་སེམས་ཅན་དམྱལ་བ་ལ་སོགས་པ་ནས་ཐར་བར་འགྱུར་རོ།། ཡང་ན་དེ་ལྟར་མཆོད་པ་བྱས་ནས་འཇུག་ཏུ་ལམ
3b3 གྱི་བཞི་མདོར་མཆོད་རྟེན་ཆེན་པོར་བྱས་ཏེ། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་ལེགས་པར་མཆོད་ལ། འཕགས་པའི་དགེ་འདུན་ལ
3b4 ཡང་མཆོད་སྟོན་གསོལ་ནས་ཡོན་ཡང་ཕུལ་ཏེ་ལེགས་པར་མཆོད་ནས་ཆེ་གེ་མོ་ཞིག་གི་དགེ་བའི་རྩ་བར་གྱུར་ཅིག། འདི་ཁོ་ནས་བདེ་འགྲོ་མཐོ་རས་ཀྱི་འཇི
3b5 རྟེན་དུ་སྐྱེ་བར་གྱུར་ཅིག། ཅེས་ཀྱང་ཤེས་པར་བྱས་ན། དེ་ཁོ་ན་བཞིན་དུ་སྐྱེས་ནས་ལུས་ཀྱང་སྟོན་ཅིང་ལེགས་སོ་ཞེས་བྱ་བ་ཡང་བྱིན་ནས་མི་སྣང་བར
3b6 གྱུར་ཏོ།། འཚམས་མེད་པ་ལྔ་བྱེད་བྱེད་པ་འམ། དམ་པའི་ཆོས་སྤོང་བ་འམ། འཕགས་པ་ལ་བསྐུར་པ་བཏབ་པ་ཡང་རུང་སྟེ་འཆི་ཀར་རྩིག་པ
3b7 ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན། འདོན་པ་དང་བཟླས་བརྗོད་བྱས་ན་ལྟ་ཅི་སྨོས། དེ་བཞིན
3b8 གཤེགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ་རིགས་ཀྱི་བུ་ཚུར་ངའི་གན་དུ་ཤོག་ཅེས་ཀྱང་གསུང་བར་འགྱུར་རོ།། འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད




iiif viewer powered by OpenSeadragon

3a - 4a

Texts on this page

Ng52.43 - 'phags pa las kyi sgrib pa thams cad rnam par sbyong ba zhes bya ba'i gzungs