e-texts navigator
Collection
Volume
Page
Wylie

3a1 ན་དེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ།། ཡང་ན་ཤི་སྟེ་དུས་ལས་འདས་ན་ཤི་འཕོས་པའི་མིང་ནས་སྤྲོས་ཏེ་དེའི་ཕྱིར་བྱམ
3a2 པ་དང་སྙིང་རྗེ་ལན་བརྒྱ་འམ། སྟོང་ངམ། འབུམ་བརྗོད་ན་དེ་སེམས་ཅན་དམྱལ་བར་སྐྱེས་སུ་ཟིན་ཀྱང་དེའི་མོད་ལ་ཐར་བར་འགྱུར་རོ།། ས་འམ། ཏིལ
3a3 ལམ། ཡུངས་ཀར་རམ། ཆུ་གང་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ། ཤི་བའི་ལུས་ལ་གཏོར་རམ། ཁྲུས་བྱས་ནས་དེའི་འོག་ཏུ་འཆད་པ་འམ།
3a4 ཡང་ན་མཆོད་རྟེན་གྱི་ནང་དུ་བཅུག་སྟེ་བཞག་ལ། རིག་སྔགས་ཀྱང་བྲིས་ནས་མགོ་ལ་བཏགས་ན། དེ་ངན་སོང་དུ་སྐྱེས་པ་ཡང་ཞག་བདུན་གྱིས་གདོན་མི
3a5 ཟ་བར་ཐར་ཏེ། བདེ་འགྲོ་མཐོ་རས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་འམ། ཡང་ན་རང་གི་སྨོན་ལམ་གྱི་དབང་གིས་སྐྱེ་བར་འགྱུར་རོ།། གང་ཞིག་ཟླ་བ
3a6 ཉ་བའི་ཚེ་ཁྲུས་བྱས་ལ་གཙང་མར་བྱས་ཏེ། དུས་གསུམ་དུ་གོས་བརྗེ་ཞིང་ཁ་ཟས་མི་བཟའ་བ་འམ། ཡང་ན་ཁ་ཟས་དཀར་བག་བཟའ་ཞིང་། སྐུ་གདུང
3a7 དང་མཆོད་རྟེན་དུ་གང་གི་མིང་དང་ལྡན་པས་ལན་འབུམ་བཟླས་བརྗོད་བྱས་ན། དེ་ངན་སོང་ནས་ཐར་ཏེ་གནས་གཙང་མའི་ལྷའི་རིས་སུ་སྐྱེས་ནས་སྒྲུབ་པ་པོའི་ཐང་དུ
3a8 འོངས་ཏེ་མཆོད་པར་བྱེད་ལུས་ཀྱང་སྟོན་ལ། ལེགས་སོ་ཞེས་བྱ་བ་ཡང་བྱིན་ནས་ལན་གསུམ་བསྐོར་བ་བྱས་ཏེ་མི་སྣང་བར་འགྱུར་རོ།། དེའི་མིང་བྲིས་ལ




iiif viewer powered by OpenSeadragon

2b - 3b

Texts on this page

Ng52.43 - 'phags pa las kyi sgrib pa thams cad rnam par sbyong ba zhes bya ba'i gzungs