e-texts navigator
Collection
Volume
Page
Wylie

4a1 སྟེ། བུམ་པ་དེ་རིན་པོ་ཆེའི་རྫིང་བུ་བདུད་རྩིའི་ཆུས་གང་བར་བསམ་ལ། ཆུ་དེའི་ནང་ནས་པད་མ་དཀར་པོ་ཅིག་བྱུང་བར་བསམ་ཞིང་།
4a2 པདྨའི་ལྟེ་བར་ཧྲི་ཡི་གེ་དཀར་པོ་ཡོངས་སུ་གྱུར་པ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་གྱུར་པར་བསྐྱེད་ལ། མཆོད་པ་དང་། བསྟོད་པ་བྱས་ཏེ་གང་འདོད་པ་དེ་འཕྲུ
4a3 པར་གྱུར་ཅིག་ཅེས་གསོལ་བ་བཏབ་ལ། ཨ་མོ་གྷ་པ་ཤའི་གཟུངས་བུམ་ཆུ་དེ་ལ་ལན་བདུན་གསུམ་དུ་ཚིག་གཞན་མ་འདྲེས་པར་བཟླས་ཏེ། བུམ་ཆུ་དེ་མི་དེའི་སྤྱི་བོ་ནས་བྱུག་ནས
4a4 བཀྲུས་ན། བགེགས་དང་གདོན་ཐམས་ཅད་ལས་ཐར་པར་འགྱུརརོ།། ལུས་ཀྱི་ཕྱི་ནང་གཉིས་དག་པར་བཀྲུས་ཏེ། གོས་དཀར་པོ་དྲི་མ་མེད་པ་གྱོན་ལ། སྤོས་དང་མེ་ཏོག་ལ་སོགས་པས
4a5 བརྒྱན་ལ་གཟུངས་དེ་ཉིད་བཀླག་ཤིང་གདོན་པར་བྱའོ།། བཀྲ་ཤིས་ཀྱང་བྱའོ།། དཀྱིལ་འཁོར་དེའི་ཁོ་ར་ཁོར་ཡུག་ཏུ་འཇིག་རྟེན་སྐྱོང་བ་བརྒྱད་ཀྱང་སོ་སོའི་མིང་ནས་སྨོས་ཏེ།
4a6 སྤྱན་དྲངས་ལ་མཆོད་ནས་གང་འདོད་པ་དེ་འགྲུབ་པར་གྱུར་ཅིག་ཅེས་གསོལ་བ་བཏབ་ལ། འབྱུང་པོ་རྣམས་ལ་ཡང་མཆོད་པ་དང་གཏོར་མ་རྒྱ་ཆེར་སྦྱིན་ནོ།།
4a7 བདག་བསྲུང་བ་དང་། མཚམས་བཅད་པ་ཡང་བྱས་ཏེ། ཚེས་བརྒྱད་ལ་བྱ་བར་རིགས་སོ།། དེ་ལྟར་བྱས་ན་བགེགས་དང་བྱད་དང་། ནད་འགོ་བ་ཐམས
4a8 ཅད་ཀྱིས་མི་ཚུག་སོ།། འཕགས་པ་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། དག།། མད་ལཾ་སྟུ།




iiif viewer powered by OpenSeadragon

3b - 4b

Texts on this page

Ng52.32 - 'phags pa don yod zhags pa'i snying po zhes bya ba'i gzungs