| e-texts navigator |
| Wylie |
2a1 འདི་ལན་གཅིག་ཙམ་བརྗོད་དམ་དྲན་ཞིང་ཡིད་ལ་བྱས་སམ། བྲིས་ནས་ལུས་ལ་བཅངས་སམ། མོས་ཤིང
2a2 གུས་པར་བྱས་ན་མཚམས་མེད་པ་ལྔ་དང་དེ་དང་ཉེ་བའི་སྡིག་པའི་ལས་ཐམས་ཅད་བྱང་ཤིང་། ངན་སོང་གསུམ་དང་། མི་ཁོམ་པ
2a3 བརྒྱད་དང་། སྡུག་བསྔལ་དང་བཅས་པར་མི་སྐྱེའོ།། མི་དང་མི་མ་ཡིན་པ་དང་། གཅན་ཟན་གྱིས་འཇིགས་པ་ཐམས་ཅད་ལས
2a4 གྲོལ་བར་འགྱུར་རོ།། ནད་དང་གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ།། ཨོཾ་མ་ཎི་པད་མེ་ཧཱུཾ། ཞེས་བརྗོད་པས་འཕག
2a5 པ་སྤན་རས་གཟིགས་ཀྱི་ཞལ་མཐོང་བར་འགྱུར་ཞིང་།། ཚེ་འཕོས་ནས་ཀྱང་བདེ་བ་ཅན་དུ་སྐྱེ་ཏེ་འདི་ལ་ཐེ་ཚོམ་མམ། སོམ་ཉིའམ།
2a6 ཡིད་གཉིས་མ་ཟ་ཅིག། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས་རྫོགསོ།། །། སངས་རྒྱས་ལ་ཕྱག་འཚལོ།།
2a7 ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་བྱང་ཆུབ་སེམས་དཔའ