| e-texts navigator |
| Wylie |
3a1 ཏོཿཏཾ། དྷྲྀ་ཏིདྷི་ཏི། ཛྫཀྲ་ཊེ། མུ་འི་པར་སེན། ཀུ་ལོངས་\ུ0f7fནི་ཀཱ་རི། ཐལ་ཏས། མ་དྷི་མ~ཾ། ཧུ་མུ་རྦུ་མ?། ཏེཿ། རྀ་ཎི་རིཏི། རིན་པ་།
3a2 བྷ་དྷྭ་ཛེ། སརྦ་བུད་དྷ་ཨཱ་བ་ལེ་ཀི་ཏེ། བདག་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག། སརྦ་ཏ་ཐཱ་ག་ཏ་ཨཱ~ཾ་བ་ལོ་ཀི་ཏེ་སྭཱ་ཧཱ། གུ་ཎ་རཱ་ཛ་པྲ་བྷཱ་སོད་ཏ་མེ་སྭཱཧཱ
3a3 སཱུརྱ་ཨརྐའི་མ་ལེ་སྭཱ་ཧཱ། ཙནྡྲ་ཨརྐ་བི་མ་ལེ་སྭཱ་ཧཱ། སརྦ་གྲ་ཧ་ནཀྵ་ཏྲ་ཌྷེ་མཱི་ཀར་ཎེ་སྭཱ་ཧཱ། བདག་འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཐམས་ཅད
3a4 ལས་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ལྷའི་རྒྱལ་པོ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པའི་གཟུངས་འདིས་ཁྱོད་གཡུལ་སྤྲོད་པ་འམ། འཐ
3a5 པ་འམ། རྩོད་པ་འམ། འགྱེད་པ་འམ། གང་དུ་འགྲོ་ཡང་རུང་སྟེ། མི་འཇིགས་ཤིང་། ཐམས་ཅད་དུ་རྒྱལ་བར་འགྱུར་རོ།། རྒྱལ་མཚན་གྱི་རྩེ་མོ་འམ། མགུལ་དུ་བཏགས་ན
3a6 མིའི་རྒྱལ་པོ་དང་། སྐྱེས་བུ་དཔའ་བོ་ཐམས་ཅད་ལ་སྲུང་བར་བྱེད་དོ།། བུད་མེད་ཀྱི་གཟུགས་ལྟ་བུར་བསྒྱུར་ནས་མདུན་དུ་འདུག་སྟེ། མི་འཇིགས་པ་སྦྱིན་ཞིང་སྲུང་བར་བྱེད
3a7 དོ།། དཔལ་སྐྱེད་པར་བྱེད། ཕ་རོལ་གྱི་སྡེ་སྤ་གོང་བར་བྱེད་དོ།། བཀྲ་ཤིས་པ་དང་། གཙང་བ་དང་། གྲགས་པ་དང་། དཔལ་དང་ཕུན་སུམ་ཚོགས་པ་ཀུན་དུ་གནས
3a8 པར་བྱེད་དོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། ལྷའི་དབང་པོ་བརྒྱ་བྱིན་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི