e-texts navigator
Collection
Volume
Page
Wylie

7b1 ཆོས་ཀྱི་རྣམ་གྲངས་ཆེན་པོ་མཉན་པར་བགྱིད་ན། བཅོམ་ལྡན་འདས་བདག་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་བྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྐུལ་པ། ཀུན་ཏུ་དཔའ་བ་སངས་རྒྱས
7b2 བཅོམ་ལྡན་འདས་གང་གའི་ཀླུང་གི་བྱེ་མ་དང་མཉམ་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པར་སེམས་ཅན་དེ་ཡང་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་དུ་བསྐྱེད་པར་འགྱུར་རོ།། གསོལ་པ་བཅོམ་ལྡན
7b3 འདས་ནམ་བདག་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ཉན་པ་དེ་ན། བཅོམ་ལྡན་འདས་ངོམས་མ་འཚལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྐུལ་པ། ཀུན་ཏུ་དཔའ་བ་ཁྱོད་ཆོས་རྣམས་ཀྱིས་ངོམས་མི
7b4 ཤེས་པ་ནི་ལེགས་སོ་ལེགས་སོ།། ཀུན་ཏུ་དཔའ་བ་ང་ཡང་། ཆོས་རྣམས་ཀྱིས་ངོམས་མི་ཤེས་ན། ཀུན་ཏུ་དཔའ་བ།། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ངོམས་མི་མྱོང་བར་བྱ་བ་ལྟ་ཅི་སྨོས།
7b5 ཀུན་ཏུ་དཔའ་བ་རིགས་ཀྱི་བུ་འམ། རགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཐེག་པ་ཆེན་པོ་ལ་ངད་པ་སྐྱེས་པ་དེ་བསྐལ་པ་སྟེང་དུ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར།
7b6 བསྐལ་པ་ལྔ་སྟོང་དུ་དུད་འགྲོར་སྐྱེ་བར་མི་འགྱུར། བསྐལ་པ་ཁྲི་ཉིས་སྟོང་དུ་བློ་ངན་པར་མི་འགྱུར། བསྐལ་པ་ཁྲི་བརྒྱད་སྟོང་དུ་མཐའ་ཁོབ་ཀྱི་སྐྱེ་བོའི་ནང་དུ་སྐྱེ་བར་མི་འགྱུར། བསྐལ་པ་ཉི་ཁྲི།
7b7 རབ་ཏུ་སྦྱིན་པ་ལ་དཔའ་བར་འགྱུར།། བསྐལ་པ་ཉི་ཁྲི་ལྔ་སྟོང་དུ་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར། བསྐལ་པ་སུམ་ཁྲི་ལྔ་སྟོང་དུ་ཚངས་པར་སྤྱད་པ་སྤྱོད་པར་འགྱུར་རོ།། དེ་བསྐལ་པ་བཞི་ཁྲིར་ཁྱིམ




iiif viewer powered by OpenSeadragon

7a - 8a

Texts on this page

Ng47.1 - 'phags pa zung gi mdo'i chos kyi rnams grangs