| e-texts navigator |
| Wylie |
66b1 གནས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་འཁོར་དང་བཅས་ནས། ཆོས་ཀྱི་གནས་ལ་གནས་པ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྔལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
66b2 པོ་ཀུན་དུ་དཔའ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དང་། བྱང་ཆུབ་སེམས་དཔའ་གསར་རུང་དེ་དག་ཀུན་དང་། ཐམས་ཅད་དང་ལྡན་པའི་འཁོར་དེར་ལྷ་དང་མིའི་དང་། ལྷ་མ་ཡིན
66b3 དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་བཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་རྫོག་སྷོ།། །
66b4 རྒྱ་གར་སྐད་དུ། ཨཱརྱ་ཨ་ཛཱ་ཏ་ཤ་ཏྲུང་ཀོའུ་ཀྲིད་ཏྱ་པྲ་ནི་བི་ནོད་ན་ན་མ་མ་ཧཱ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་མ། སྐྱེས་དགྲ་འགྱོད་པ་གསལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
66b5 སངས་རྒྱས་དང་བྱང་ཆུབ་སེས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁ་ཀྱི་རི་བྱ་རྒོད་ཀྱི་ཕུང་པོ་ལ། དགེ་སློང་རྒྱ་ཕྲག་ཕྱེ་དང་བཅུ
66b6 གསུཾ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་ལྷགས་པ་བརྒྱད་ཁྲི་བཞི་སྟོང་དང་། བྱང་ཆུབ་སེས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེ་བ་གཟུངས་ཐོབ་པ། སྟོང་པ་ཉིད་ལ་གནས་པ། མཚན་མ
66b7 མེད་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ། ཏི་ངེ་འཛིན་དང་གཟུང་སྔགས་ཤེས་ཤིང་མཁས་པ། སེཾས་ཅན་ཐས་ཅད་ཀྱི་སེཾས་ཀྱི་བསམ་པ་ཇི་ལྟར་མོས་པ་བཞིན་དུ་ཆོས་སྟོན་པ་རྣམས་དང་། རྒྱལ་བ་མརྒྱས།