| e-texts navigator |
| Wylie |
66a1 ལ་བྱང་ཆུབ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ནམ་མཁའ་བར་སྣང་ལ་གཟུགས་ནག་པོ་དང་། གཟུགས་དམར་པོ་གདའ་བ་ཅི་ལགས། བཀའ་བསྔལ་པ། སྨན་གྱི་སྡེ
66a2 བར་སྣང་ལ་གཟུགས་ནག་པོ་དང་། གཟུགས་དམར་པོ་འདི་མཐོང་བ་འདི་ཅི་ཡིན་མི་ཤེས་སམ། དེ་བཞིན་གཤེགས་པས་ནི་མཁྱེན་ཏེ། སྨན་གྱི་སྡེ་འདི་ནི་བདུད་ཡིན་ནོ། སྨན་གྱི་སྡེ་མཐོང་བར་འདོད་དམ། གསོལ
66a3 བ། བཅོམ་ལྡན་འདས་ཕྱག་འཚལ་ལོ།། བདེ་བར་ཤེགས་པ་ཕྱག་འཚལ་ལོ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་བྱང་ཆུབ་སེམས་དཔའ་གང་གི་ཀླུང་གི་བྱེ་བ་ཕྲག་བརྒྱའི་བྱེ
66a4 མ་དང་མཉམ་པའི་མདའ་ལྤགས་སོ།། གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་དག་ལྷགས་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཀའ་བསྔལ་པ། སྨན་གྱི་སྡེ
66a5 སེམས་ཅན་གཞོན་ནུ་རྣམས་ཀྱི་རྐྱེན་གྱིས་སྟེ། སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཆོས་དང་ལྡན་པར་འགྱུར་རོ།། སྨན་གྱི་སྡེ་ཁྱོད་ཀྱིས་སེམས་ཅན་གཟུགས་སྣ་ཚོགས་ལྷགས་པ་དང་།
66a6 རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱིས་རླབས་ཀྱིས་འདིར་ལྷགས་པ་དག་མཐོང་ངམ། གསོལ་པ་བདག་གིས་ནི་བྱང་ཆུབ་སེམས་དཔའ་གང་གི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་དང་། བྱང་ཆུབ་སེམས་དཔའ་གང་གི
66a7 ཀླུང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བྱེ་མ་སྙེད་ཅིག་རྫུ་འཕྲུལ་གྱི་མཐུས་གནས་ཏེ། གཟུགས་སྣ་ཚོགས་ཁ་དོག་སྣ་ཚོགས། དབྱབས་སྣ་ཚོགས་པ་དག་གནས་ལ། བྱང་ཆུབ་སེམས་དཔའ་དེ་དག་འཕགས་པའི་ཆོས་ཀྱི་གནས་ལ།