e-texts navigator
Collection
Volume
Page
Wylie

65b1 འགྱུར་རོ།། དེང་ཆོས་ཀྱི་རྔ་ཆེན་པོ་བརྡུང་བར་འགྱུར་ཏེ། ལྷའི་རིས་དུ་མ་ཞིག་དེང་ཆོས་མངོན་པར་རྟོགས་པ་འཐོབ་པར་བྱེད་པར་འགྱུརརོ།། སེམས་ཅན་དམྱལ་བ་པའི་སེམས་ཅན་ལོག་པར་ལྟུང་བ་ལ་གནས་པ་མང་པོ་དག་ཀྱང་། དེ་བཞིན
65b2 གཤེགས་པའི་ཡེ་ཤེས་བསྟན་པ་ཐོས་ནས། འཁོར་བ་བསྙིལ་ཏེ་རྒྱལ་བར་འགྱུར་རོ།། དེའི་ཚེ་སེམས་ཅན་རྒན་པོ་བྱ་བ་སྟོང་ཕྲག་དགུ་བཅུའི་བར་གྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེ་དག་ཐས་ཅད་ཀྱང་ཆོས་དང་ལྡན་པ་འགྱུར།
65b3 སྨན་གྱི་སྡེ་དེ་དག་ཐས་ཅད་ནི་སྡུག་བསྔལ་ཐམས་ཅད་ཡོངསུ་སྤངས་པར་འགྱུར་རོ།། སྨན་གྱི་སྡེ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་མཐོང་བ་བསྒྲུབ་པར་འགྱུར་རོ།། སྨན་གྱི་སྡེ་དེ་དག་ཐམས་ཅད་ནི་ཆོས་ཆེན་པོའི་སྒྲ་དང
65b4 ལྡན་པར་འགྱུར་རོ།། སྨན་གྱི་སྡེ་ཕྱོགས་བཞིར་ལྟོས་ཤིག། བྱང། ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ཕྱོགས་བཞི་ཀུན་དུ། ནི། བལྟས་པ་དང་། ཤར་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི
65b5 ཀླུང་གི་བྱེ་བ་ཕྲག་བཅུའི་བྱེ་མ་སྙེད་འོང་། ལྷོ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་དགུ་བཅུའི་བྱེ་མ་སྙེད་འོང་། ནུབ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བདུན
65b6 བཅུའི་བྱེ་མ་སྙེད་འོང་། བྱང་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བརྒྱད་བཅུའི་བྱེ་མ་སྙེད་འོང་། འོག་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླང་བྱེ་བ་ཕྲག་དགུ་བཅུའི་བྱེ་མ་སྙེད་འོང་། སྟེང་གི་ཕྱོགས
65b7 ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བརྒྱད་བཅུའི་བྱེ་མ་སྙེད་འོང་སྟེ། དེ་དག་ལྷགས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས། བཅོམ་ལྡན་འདས




iiif viewer powered by OpenSeadragon

65a - 66a

Texts on this page

Ng47.1 - 'phags pa zung gi mdo'i chos kyi rnams grangs