e-texts navigator
Collection
Volume
Page
Wylie

65a1 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། སྨན་གྱི་སྡེ་ཁྱེད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ།། གསོལ།
65a2 པ་བཅོམ་ལྡན་འདས་སེམས་ཅན་གཞོན་བྱེ་བ་སྟོང་ཕྲག་སུམ་བཅུ་བྱུང་བ་དེ་དག་གིས། དེ་བཞིན་གཤེགས་པའི་ཆོས་ཕྲ་བ་བསྟན་པ་རྟོགས་ནས། སེམས་ཅན་རྒན་པོ་རྣམས་ལ། སེམས་ཅན་རྒན་པོ་ཁྱེད་རྣམས་ནི་ཆོས་མི་ཤེས་པའོ།།
65a3 རྟག་ཏུ་ཆོས་མ་ཡིན་པ་དང་། མི་དགེ་བ་ལ་མ་ཆགས་པའོ།། ཞེས་ཕྲ་མོ་རྣམས་མི་ཉན་པ་འཆི་ཞིང་ཡོངས་སུ་བརྗོད་ལ་གནོད་པར་བགྱིད་ན། བཅོ་ལྡན་འདས་དེ་ཅིའི་སླད་དུ་ཚིག་སྙན་པ་ཡིད་དུ་འོང་བ་འདི་དག་སྨྲས་པ།
65a4 བཅོ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་དེ་དག་ཅིའི་ཕྱིར།། ཚིག་འདི་དག་སྨྲ་བ་མི་ཤེས་སམ་དེ་དག་ནི་དེ་བཞིན་གཤེགས་པ་འཇམ་ཞིང་།། ཤིན་ཏུ་སྙན་པར་སྨྲ་སྟེ། ཆོས་ཀྱང་ཐོས་པས་སྨན་གྱི་སྡེ་དེའི་ཕྱིར་དེ
65a5 ངག་ཆོས་ཐམས་ཅད་ཀྱི་དོན་ཁོང་དུ་ཆུད་པར་འགྱུར། ཡོན་ཏན་ཐམས་ཅད་དང་ལྡན་པར་འགྱུར། དེ་དག་ཐམས་ཅད་གཟུངས་རྟོགས་པར་འགྱུར། དེང་ཕྱིན་ཆེད་ས་བཅུ་ལ་གནས་པར་འགྱུར་ཏེ། དེང་ཆོས་ཀྱི་རྔ་བོ་ཆེའི་སྒྲ་འབྱིན་པར་འགྱུར
65a6 དེང་ཆོས་ཆེན་པོའི་རྣམ་པ་དང་ལྡན་པར་འགྱུར་རོ།། སྨན་གྱི་སྡེ་ཁང་པ་བརྩེགས་པ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས
65a7 བཀའ་བསྩལ་པ། སྨན་གྱི་སྡེ་དེང་ཉིད་སེམས་ཅན་གཞོན་ནུ་འདི་དག་ཁང་པ་བརྩེགས་པ་དེ་དག་གི་ནང་དུ་ཞུགས་ནས། ཆོས་མངོན་པར་རྟོགས་པ་འཐོབ་པར་འགྱུར་རོ།། དེང་ཉིད་དགེ་བའི་ཆོས་ཐས་ཅད་ཡོངས་སུ་རྫོགས་པར་བྱེད་པར




iiif viewer powered by OpenSeadragon

64b - 65b

Texts on this page

Ng47.1 - 'phags pa zung gi mdo'i chos kyi rnams grangs