| e-texts navigator |
| Wylie |
64a1 བརྟན་དྲིས་པ་ནི།། ཁང་བརྩེགས་རིན་ཆེན་དྲ་བ་དང་།། པད་མ་དྲ་བར་ཀུན་གནས་པར།། འདི་ན་སྣང་བ་འདི་ཅི་ཞིག། སྨན་གྱི་སྡེས་སྨྲས་པ། གནས་འདི་དག་ནི་ཁྱེད་ཀྱིས་ཏེ།། སངས་རྒྱས་ལྟ་བུའི་ཕྱིར་དེང་།
64a2 ཤིག། འཇིག་རྟེན་འདས་གཙོ་གང་ཡིན་པ།། འཇིག་རྟེན་སྣང་བྱེད་འདི་ལ་ཐུད།། དེ་དག་གིས་སྨྲས་པ། དེ་ཡི་ལ་ཡང་མ་འཚལ་ཏེ།། དེ་བཞིན་གཤེགས་པ་མ་མཐོང་ན། གང་ན་ལམ་ཡང་མ་འཚལ་བས།། ཕྱག་འཚལ་དུ་ནི
64a3 གང་དུ་འཆི།། སྨན་གྱི་སྡེས་སྨྲས་པ། ནམ་མཁའ་མཐའ་ཡས་ཇིཿ8བཞིན་དུ།། རེག་པར་རུང་བ་མ་ཡིན་པས།། བདུད་རྩི་རབ་སྦྱིན་སྟོན་པ་ལ།། ཕྱག་འཚལ་ཕྱིར་ནི་འགྲོ་མི་བྱ། ཇི་ལྟར་རི་རབ་གནས་པ་ལྟར།། སྟོན་པ་དེ
64a4 ཡང་གནས་ན་བཞུགས།། རི་རབ་གཞལ་དུ་རུང་བ་ཡིན།། རྒྱ་མཚོ། ཆེན་པོ་གཏིང་ཚོད་ཟིན།། སྟོང་གསུམ་རྡུལ་ཕྲན་དཔག་ཏུ་རུང་།། སངས་རྒྱས་འབྱུང་བ་ཤེས་མ་ཡིན།། བྱང་ཆུབ་སེམས་དཔའ་ཕྱོགས
64a5 བཅུ་ནས།། འཇིག་རྟེན་སྣང་བར་མཛད་ལ་འདུད།། སྨྲས་པ། འཇིག་རྟེན་མགོན་པོ་བདག་ལ་གཟིགས།། བདག་ཅག་བསམ་པ་རྫོགས་པར་མཛོད།། བདག་ཅག་སེཾས་ཀྱིས་སྟོན་པ་ལ། ཕྱག་བགྱིས་དེ་ནས་འབྲས་བུ
64a6 ཐོབ། སྨན་གྱི་སྡེས་སྨྲས་པ། སྟོན་པ་དྲི་ལ་མི་ཆགས་ཏེ།། ཕྲེང་བ་མ་ཡིན་བྱུག་པ་མིན།། གང་གིས་འདུས་བྱས་གྲོལ་འགྱུར་བ།། སེམས་ཅན་རྣཾས་ཀྱི་རྒྱུ་འཛིན་ཏོ།། གང་གིས་ཡིད་ནི་བཏུད་བྱས་ཤིང་། སངས་རྒྱས་ལ་ཡང་སྐྱབས
64a7 སོང་བས།། དེ་ལ་བདུད་ནི་མི་བཟང་མཆོག། འཐབ་མོ་དགོལ་བར་མི་བྱེད་དོ།། འཆི་བའི་དབང་དུ་མི་འགྲོའོ།། གཟུངས་ནི་མྱུར་དུ་རྙེད་པར་འགྱུར།། ང་སེམས་རབ་ཏུ་དང་བྱས་ནས།། དེ་ནས་སྟོན་པ་མཐོང་བར་འགྱུར།