| e-texts navigator |
| Wylie |
63b1 སྡུ་བ་ཐོབ་པར་འགྱུར།། འདུ་བྱེད་ཐམས་ཅད་སྟོང་པ་སྟེ།། དེ་བཞིན་ལོངས་སྤོང་ནོར་ཡང་སྟོང་།། བདག་ཀྱང་སྟོང་པར་མཐོང་བས་ན།། མཐོང་ནས་རེ་བ་མེད་པར་འགྱུར།། གནས་གརྟན་སྨན་གི་སྡེ་ཁྱོད་ཀྱིས།། བདག།
63b2 ཅག་རྣམས་ཀྱི་ཚིག་གསོན་ཅིག། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར།། ཁྱོད་ནི་ཕོ་བཞུད་འཚལ་ལོ།། འཁོར་བའི་ཉེས་པ་རྣམ་དྲན་ནས།། བྱང་ཆུབ་སེམས་དཔའི་སྐྱོ་བ་མེད།། བརྩོན་འགྲུས་ལྡན་ཞིང་དཀའ་ཐུབ།
63b3 ཆེཡོན་ཏན་ཀུན་ཏུ་སྡུ་བར་བྱེད།། སྟོན་ཏེ་ག་ལ་བཞུགས་པར་བཞུད།། སྟོན་པ་བདེ་བ་རབ་སད་ནས།། རྒྱལ་བའི་ཅུང་ཟད་མི་སྐྱོ་བར།། བདག་ཅག་སླད་དུ་ཞུ་བ་མཛོད།། ཁྱོད་ཀྱིས་བདུད་ནི་གཞོན་པ་དང་།
63b4 སྟོབས་དང་བཅས་པ་ཕམ་པར་བྱས།། སེམས་ཅན་ཐམས་ཅད་ཡོངས་འཛིན་པའི།། ཆོས་ཀྱང་མྱུར་དུ་འབར་བར་བྱས།། གཱང་།། གིས་སངས་རྒྱས་འགྱུར་བ་ཡི།། ཆོས་ནི་བདག་ཅག་མ་ཐོས་གིས།།
63b5 བདག་ཅག་རྣམས་ལ་ཕན་པའི་ཕྱིར།། གནས་བརྟན་མྱུར་དུ་བཞུད་དུ་གསོལ།། སུམ་བཅུ་རྩ་གཉིས་མཚན་མངའ་བའི།། དེ་བཞིན་གཤེགས་པ་མ་མཐོང་བ།། དེ་སྲིད་བདག་ཅག་མི་རྒལ་ཞེས།
63b6 ཐམས་ཅད་གུས་དང་བཅས་པར་གནས།། སྨན་གི་སྡེས་སྨྲས་པ།། ཁྱེད་ཅག་ད་ལྟར་ཅི་ཞིག་མཐོང་།། རེ་ཤིག་གྱེན་དུ་ལྟ་བར་བྱོས།། དེ་དག་གྱེན་དུ་བལྟས་པ་དང་།། ཁང་པ་བརྩེགས་པ་སུམ་སྟོང་དང་།། ལྔ་བརྒྱ་ཐམ
63b7 པར་ཚང་བ་ཞིག། ཀུན་ཏུ་ཡང་ནི་གནས་པར་འགྱུར།། རིནི་ཆེན་བདུན་གྱིས་ཀུན་ཏུ་སྤྲས།། རིན་ཆེན་དྲ་བས་ལེགས་པར་བརྒྱན།། དབུས་ན་མེ་ཏོག་རབ་ཏུ་བརྒྱན།། ལྷ་རྫས་སྤོས་ཀྱང་རབ་ཏུ་འབབ།། དེ་ནས་གནས