| e-texts navigator |
| Wylie |
63a1 མི་ཞེས་བྱ་བ་ལུས་ཡིན་ཏེ།། དབུགས་དང་སྟོབས་ཆེན་རྙེད་པར་འགྱུར།། སོ་སོར་རྟོག་པ་རྣ་བའི་སྟོབས།། དེ་ནི་ལུས་ལ་ཡོན་ཏན་ཆེ།། སྔོན་ཆད་རྟ་དང་གླང་པོ་ཡིས།། ཀུན་ཏུ་བསྐོར་ནས་རྩེ་ཞིང་འཁྱམ།
63a2 ཐར་པའི་ཆོས་ནི་མ་ཤེས་ནས།། བདག་ནི་སྡིག་པའི་ལས་ལ་དགའ།། འཇིག་རྟེན་ཕ་རོལ་མ་ཤེས་ནས།། རྩེ་བས་སྡིག་པ་བྱེད་དུ་བྱེད་དུ་བཅུག། བདག་ནི་ཡང་དང་ཡང་སྐྱེས་ཏེ།། ཤི་བ་བདག་ལ་ཡང་འོངས་སོ།། ཡང
63a3 དང་ཡང་དུ་མྱ་ངན་མཐོང་།། སྨྲེ་སྔགས་འདོན་པས་རབ་ཏུ་བཅིངས།། མ་རྣམས་ཀྱང་ནི་ཤི་བ་མཐོང་།། ཕ་རྣམས་ཤི་དང་གཉེན་དག་དང་།། སྲིད་མོ་དང་ནི་བུ་མོ་དག། ཆུང་མ་རྣམས་ཀྱང་ཤི་བ་མཐོང་།། མངོན་པར་འདུ།།
63a4 བྱེད་ཀུན་སྟོང་ན།། སེམས་དང་བཅས་པ་སུ་ཞིག་ཆགས།། འདོད། པས་ཟིན་པའི་སེམས་སུ་ནི།། བདག་ཀྱིས་ཉིད་བརྟན་རུང་བར་ཤེས།། ཞི་བའི་ཆོས་ནི་མི་དམིགས་ཏེ།། འཆི་བ་ལ་ནི་མངོན་དགའ་མེད།། དེ།
63a5 ཕྱིར་འདོད་པས་བསྒྲིབས་སེམས་ཀྱིས།། བདག་གིས་སྦྱིན་པ་མ་བྱིན་ནོ།། དེ་བས་འདོད་དང་མཉམ་སྡིག་མེད།། དེ་ན་ད་དུང་མི་ལྡོག་གོ།། ཀུན་ཏུ་ནོར་བས་བདག་སྐྱེས་ཏེ།། འགྲོ་བ་མཐའ་དག་ཀུན་ཏུ་ནོར།། ཀུན་ཏུ་ནོར་བའི་སྒྲ
63a6 ཡང་ཉན།། དམ་ཆོས་མ་ཡིན་ཡོངས་སུ་འཛིན།། ཐར་པ་དང་ནི་བསམ་གཏན་བཙལ།། ལུས་ནི་ཁུར་དུ་བཀུར་མི་བྱ།། འཇིག་རྟེན་དོན་དུ་འགྲོ་བའི་གཙོ།། སངས་རྒྱས་སྟོན་པ་རྣམས་སུ་ཤོག། སངས་རྒྱས་འཇིག་རྟེན་པ་དང་མ།།
63a7 སངས་རྒྱས་ལམ་ནི་རབ་མཚོན་པ།། འཛམ་བུའི་གླིང་ན་ཀུན་ཏུ་ཡང་།། རིན་ཆེན་ཆར་པ་རབ་ཏུ་འབེབས།། ཆོས་ཀྱི་བསྡུ་བ་ཅི་འདྲ་བ།། སེམས་ཅན་བླུན་པོས་མི་ཤེས་ཏེ།། བྱང་ཆུབ་ཏུ་ནི་སེམས་བསྔོས་ནས།། ཆོས་ཀྱི