| e-texts navigator |
| Wylie |
62b1 མི་ཤེས་ཤིང་།། ཐར་པའི་ལམ་ནི་མེ་མཐོང་རྣམས།། འཆི་བའི་རྣམ་པར་ཤེས་མོད་ཀྱི།། འོན་ཀྱང་འཇིགས་པ་མི་བསྐྱེད་ཏོ།། བདག་ཅག་ལ་ནི་ནེམ་དུ་ཡང་།། འཆི་བ་མེད་སྙམ་བདེ་བར་གནས།། ཀུན་ཏུ་འཁྲུལ་པས་མ་ཤི་བ།།
62b2 མཐོང་ཡང་རྣམ་པར་མི་ཤེས་སོ།། དེ་དག་པ་ཡང་མི་དྲན་ཏེ།། ནད་ཀྱིས་ཀྱང་ནི་རྟོག་གཟིར་ཅིང་། ཉོན་མོངས་ལས་ཀྱིས་རབ་བཀྲུས་ནས།། ཇི་ལྟར་ཁ་ཟས་ཟ་བར་འགྱུར།། སྡུག་བསྔལ་ཉམ་ཐག་མི་ཤེས་ཏེ།། བདག་ཅག
62b3 ངལ་བ་དོན་མེད་དོ།། ཁྱེད་ཀྱིས་སྡུག་བསྔལ་འདི་འདྲ་བ།། མ་རིག་བཞི་ལས་སྐྱེས་པའོ།། འདུ་ཤེས་འདུ་བྱེད་ཚོར་བ་རྣམས།། འཇིགས་ཆེན་ལུའི་བའི་ཁུར་ཡིན་ནོ།། གང་ཆོས་རྣམ་པར་མི་ཤེས་པ།། བྱིས་པ་སྲེད་པས
62b4 རབ་ཏུ་འཁྱམ།། ལུས་ཀྱི་ཁུར་གྱིས་བསྐོར་བ་ནི།། འཇིག་རྟེན་དུ་ཡང་དོན་མེད་སྐྱེས།། གོས་བཙང་ཤིན་དུ་བཟང་བ་དང་།། ཁྲུས་དང་།། བྱུག་པ་དགོས་པའོ།། ལུས་ལ་གང་ཡིད་འོང་བ་ཡི།། ཁ་ཟས
62b5 ཞིམ་པོ་དགོས་པ་སྟེ།། ཡིད་དུ་འོང་བའི་སིལ་སྙན་ལྔ།། དེ་བཞིན་རྣ་བས་ཚོལ་བར་བྱེད།། རིན་ཆེན་བདུན་ལས་བྱུང་བ་ཡི།། གཟུགས་ལ་མིག་གིས་ཆགས་པར་བྱེད།། ཞིམ་པའི་རོ་རྣམས་ཐམས་ཅད་ནི།།
62b6 ལྕེས་ཀྱང་ཚོལ་བར་བྱེད་པ་སྟེ།། འཇམ་ཞིང་ཕྲ་བའི་རེག་པ་ཡང་།། ལུས་ཀྱིས་རྟག་ཏུ་ཚོལ་བར་བྱེད།། ལུས་ཀྱིས་སུ་ན་ཤ་གཉིས་སོ།། དགའ་བར་ཡང་ནི་བསྒྲུབ་པ་ལས།། སེམས་དཔའ་མེད་པའི་ལུས་འདི་སྐྱེས།། དེ་ལ
62b7 དགའ་བར་སུ་ཞིག་རྙེད།། དེ་ལ་བདག་རྒ་དགའ་བྱེད་པ།། ལྷམ་ནི་རབ་ཏུ་བཟང་གྱོན་ཀྱང་།། འཆི་བར་འགྱུར་ཚེ་གོས་རྣམས་དང་།། བྱུག་པ་སྐྱབས་སུ་མི་འགྱུར་ཏེ།། ལུས་ཀྱང་སྐྱབས་སུ་མི་འགྱུར་ན།། གོས་དང་བྱུག་པ་སྨོས་ཅི་དགོས