| e-texts navigator |
| Wylie |
62a1 བར་འདོད། སྨྲས་པ། ངའི་མིང་ནི་སྨན་གཱི་སྡེ།། ང་ནི་སེམས་ཅན་རྣམས་ཀྱི་སྤྲིན།། སྨན་རྣམས་ཀུན་གྱི་དམ་པ་ནི།། ཁྱེད་ཅག་རྣམས་ལ་བཤད་པར་བྱ།། ནད་ཀུན་གྱིས་བཏབ་སྐྱེ་བོ་ཡི།། ནང་རྣམས་ཐམས
62a2 ཅད་ཞི་བར་བྱེད།། འདོད་ཆགས་ནད་ནི་ནིང་པོ་ཆེ།། འཇིག་རྟེན་འཛག་བྱེད་མི་བཟང་པ།། གང་གིས་བློ་མེད་འཁྱམ་པ་ཡི།། གཏི་མུག་ནང་ནི་ཆེ་ཞིང་དྲག། སེམས་ཅན་དམྱལ་བ་དེ་བཞིན་བདེ་འགྲོ་དང་།། ཡི་དགས་རྣམས་དང་སེམས།
62a3 ཅན་འགྲོ།། བྱིས་པ་འདི་དག་ཞེ་སྡང་ཟིན།། དེ་དག་ཇི་ལྟར་ཞི་བར་འགྱུར།། དེ་དག་གིས་སྨྲས་པ། དགེ་བའི་ཆོས་ནི་འདིར་ཐོས་པས།། བདག་ཅག། སྡུག་བསྔལ་ཀུན་ལ་གྲོལ།། བྱིས་པ་བློ་ནི་མི་ཤེས་པ།། སྡུག་བསྔལ་ཀུན
62a4 ལས་གྲོལ་ནས་ཀྱང་།། སྡིག་པའི་ལས་ནི་རྣམ་སྤངས་ཏེ།། བདག་ཅག་ཆོས་ཀྱི་སྦྱིན་པ་ཉན།། སྡིག་པ་ཐམས་ཅད་རྣམ་སྤངས་ནས།། འཇིགས། བ་མི་བཟང་རྣམས་ཀྱང་སྤངས།། ནད་རྣམས་ཐམས་ཅད་ཞི་བྱེད་པ།
62a5 སྨན་པའི་རྒྱལ་པོ་སྨན་པ་ཆེ།། སྡུག་བསྔལ་བ་རྣམས་གསོ་བྱེད་པ།། ཡང་དག་སངས་རྒྱས་མྱུར་དུ་ལྟ།། དེ་བཞིན་གཤེགས་པ་ཕྱག་བྱའི་ཕྱིར།། གནས་བརྟོན་ཁྱེད་ནི་མྱུར་དུ་བཞུད།། ཕྱག་བྱས་བདག་ཅག་རྣམས་ཀྱི་ཚིག། འཇིག་རྟེན
62a6 རྣམ་པར་འདྲེན་ལས་གསུངས།། ནང་འདི་རབ་ཏུ་ཞི་བར་མཛོད།། ལུས་འདི་ཐམས་ཅད་རབ་འབར་སྟེ།། ཚིག་ཅིང་ཞི་བ་མེད་པ་ཡི།། མི་བཟང་མེ་ནི་བཞི་པར་མཛོད།། ལུས་ཀྱི་ཁུར་ནི་ཁུར་པོ་ཆེ།། ཤིན་ཏུ་མི་བཟང་རྣོ་བའི་ཁུར།། སྡུག
62a7 བསྔལ་གཟིར་བ་བདག་ཅག་ལ།། བརྟུལ་ཞུགས་དམ་པ་ཐུགས་རྗེ་མཛོད།། སྐྱེ་བོ་རྟག་ཏུ་ཞེ་སྡང་དང་།། གཏི་མུག་གནོད་པའི་ཁུར་ཁྱེར་ཏེ།། ཁུར་ལས་ཐར་པ་མི་ཤེས་པས།། དེ་དག་ཡང་དང་ཡང་ཁུར་ཁྱེར།། ཐར་པའི་ལམ་ནི