e-texts navigator
Collection
Volume
Page
Wylie

270a1 དགེ་རྣམས་ཕྱེ་ནས། གལ་ཏེ་བསོད་ནམས་ཆེ་བྱེད་ན།། རྟག་ཏུ་རབ་ཏུ་ལྷང་ངེར་འགྱུར།། སེམས་ཀྱིས་མི་དགེ་བ་ཡི་ལས།། རྟག་ཏུ་ཡོངས་སུ་སྤངས་ནས་ནི།། རབ་ཏུ་དགའ་བ་བསོད་ནམས།།
270a2 ཉིད། མི་ཡིས་བྱམས་ཏེ་སྡིག་པ་མིན།། ཚེ་རབས་བྱེ་བ་གྲངས་མེད་པར།། འཁོར་ལོས་བསྒྱུར་སོགས་གོ་འཕང་གིས།། ལྷ་མིའི་ནང་དུ་རྒྱལ་པོ་ཡི་དཔལ།། ཐམས་ཅད་ཐོབ་ནས་ཁྱོད་བཞིན་ནོ།། མི་ཡི
270a3 དབང་ཕྱག་དུས་ཀུན་ཏུ།། སྲིད་རྣམས་སྙིང་པོ་མེད་ཤེས་ནས།། ཁྱོད་ཀྱིས་སངས་རྒྱས་ཆོས་རྣམས་ལ།། མངོན་པར་བརྩོན་པ་མཐའ་ཡས་བྱ།། དེ་ནས་བཅོམ་ལྡན་འདས་ལས་རྒྱལ་པོ།
270a4 ཡང་དགེ་ཕུལ་གྱི་ཆོས་བསྟན་པ་འདི་ཐོས་ནས་མཆོག་ཏུ་ཡིད་བྱུང་སྟེ། འཁོར་དང་བཅས་པ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པོ།། གཞན་སྟོང་ཕྲག་མང་པོ་ཞིག་གིས་ནི། @
270a5 ལྡན་འདས་མཐོང་བ་དང་། ཆོས་མཉན་པས། ལྟེ་དང་མི་ཕུན་སུམ་པ་རྣམ་པ་སྣ་ཚོགས་ཐོབ་པར་འགྱུར་བ་དང་། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དག་བསྐྱེད་དོ།། དེ་ནས་བཅོམ
270a6 ལྡན་འདས་ཀྱིས་དེར་ཡང་སེམས་ཅན་རྣམས་ཀྱི་དོན་མཛད་པ་དེ་ཐམས་ཅད་རྒྱས་པར་མཛད་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་ཏེ། གཙུག་ལག་ཁང་གི་སྐྱབས་ཞིག་ཏུ།། དགེ་སློང་གི་དགེ་འདུན་གྱི
270a7 ནང་དུ། སངས་རྒྱས་ཀྱི་གདན་བཤམས་པ་ཉིད་ལ་བཞུགས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་བསྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག། ཆོངས་ཤིག།




iiif viewer powered by OpenSeadragon

269b - 270b

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo