| e-texts navigator |
| Wylie |
269b1 ནི་རྒྱལ་པོའི་དཔལ་ཐོབ་སྟེ་བདག་དེ་ལྟ་བུར་གྱུར་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞག་བདུན་དུ་གདུགས་ཚོད་གསོལ་བར་གྱུར་ཅིག་ཅེས་ཁྱོད་ཀྱིས་སྨོན་ལམ་བཏབ་སྟེ། ཁྱོད་ཀྱི་བསམ་པ་དེ
269b2 ཡང་རྫོགས་སོ།། ཁྱོད་ཀྱི་བསམ་པ་དེ་ཡང་རྫོགས་སོ།། དེ་ཕྱིན་ཆད་ནི་ཚེ་རབས་དཔག་ཏུ་མེད་པ་ཐམས་ཅད་དུ་ཕུན་སུམ་ཚོགས་པ་ཆེས་ཁྱད་དུ་འཕགས་པ་དག་འཐོབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན
269b3 འདས་ཀྱིས་དེའི་ཚེ་ཚིགས་སུ་གཅད་པ་འདི་དག་བཀའ་བསྩལ་ཏོ།། ། འཇིག་རྟེན་ནག་པོ་འབྱུང་བའི་ཕྱིར།། ཡིད་ནི་དུག་གི་རྩ་བ་ཡིན།། ཉེས་པར་སྨྲ་རྣཾས་འབྱུང་བའི་ཕྱིར།། ཁོ་ན་སྡིག་པའི་སྒོ་ཉིད་དོ།།
269b4 སེམས་ཀྱིས་སྣ་ཚོགས་སེམས་པར་བྱེད།། དེ་ནས་ཚིག་ཏུ་སྨྲ་བོར།། འགྱུར།། ངག་ཡིད་དག་གིས་སྡིག་བྱས་པ།། ལུས་སྐྱེས་སྡུག་བསླལ་སྦྱིན་པར་བྱེད།། ཕན་དང་མི་ཕན་མ་བསམས
269b5 བར། བློ་མེད་པས་ནི་སྡིག་བྱེད་པ།། དེས་ན་སྡུག་བསྔལ་སྣོད་འགྱུརཏེ། ཉོན་མོངས་པ་དག་དེ་ལྟར་འགྱུར།། མཁས་པ་རྣམས་ཀྱི་མགོ་བོ་དག། ཡིད་ཀྱིས་གཅོད་པར་འདོད་པ་དེ།། བློ་གྲོས་ཕན་པ
269b6 མི་ཤེས་པའི། མགོ་ནི་འཁོར་ལོས་ཡང་དག་ཆད།། དཔལ་དང་ཡིད་འདི་ཁོ་ནས་ནི།། ཆོས་དཀར་འདུད་བརྩི་བརྟེན་པ་ཡི།། སེམས་ཅན་བསོད་ནམས་ཀྱིས་དགེ་རྣམས།། ལྷ་ཡི་འཇིག་རྟེན་རྣམས་སུ་ཁྲིད
269b7 འདིར་ནི་སྙིང་གིས་ཀུན་བསམས་ནས།། ཚིག་ཏུ་བརྗོད་པས་ལེགས་སྨྲས་པ།། དེ་ཕྱིར་འདི་ནི་ལུས་ཀྱིས་སུ།། བསོད་ནམས་མཛོད་ནི་ལེན་པར་འགྱུར།། མི་ཡིས་བློ་ནི་སྔན་བཏང་སྟེ།། ལས་དགེ་མི