e-texts navigator
Collection
Volume
Page
Wylie

269a1 གུས་པ་དང་གཅེས་པར་བྱེད་པ་ཆེན་པོ་མཆོག་གིས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་རང་གི་ཁྱིམ་གྱི་ནང་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ། བསྐྱེད་མོས་ཚལ་ཆེན་པོ
269a2 ཡོངས་སུ་བསྐོར་བར་གཤེགས་སུ་གསོལ་ནས། ཞག་བདུན་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་སོ།། དེ་ནས་རྒྱལ་པོ་དེས་བཅོམ་ལྡན་འདས་གདུགས་ཚོད་གསོལ་ནས། རྩང་སྡེར་གྱུ་སྟེ།
269a3 ཕྱག་བྱས་པར་རིག་ནས། ཆོས་ཉན་པའི་ཕྱིར་གཡོག་འཁོར་དང་། བཅས་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། འདི་སྐད་ཅེས་ཀྱང་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་དམའ་བ
269a4 དང་དབུལ་བ་ལགས་ན། བདག་གི་རྒྱལ་སྲིད་ཕུན་སུམ་ཚོགས་པ། འདི་ག་ལ་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྐུལ། པ། རྒྱལ་པོ་ཆེན་པོ་གཉེན་དུ་ཡོད་པའི་གྲོང
269a5 ཁྱེར་ཆེན་པོ་ན། སྦྱིན་བདག་ཆེན་པོ་སྤོབས་པའི་བློ་གྲོས་ཞེས་བྱ་བ་ཞིག་ཡོད་དེ་དེ་དུས་གཞན་ཞིག་ན། རང་གི་ཁྱིམ་དུ་སངས་རྒྱས་ལསོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཏོ།།
269a6 དེ་ནས་དེར་སྡུག་བསྔལ་བ་གཉིས་ཤིག་ལྷགས་ཤེས་བྱ་བ་ནས། རྒྱས་པར་སྔ་མ་བཞིན་དུ། གཅིག་གི་མགོ་ཁྱོད་ཀྱི་ཤིང་རྟིའི་འཁོར་ལོས་ཆོད་པ་ཞེས་བྱ་བའི་བར་དུའོ།། དེ་ཡང་ཤི་འཕོས་ནས
269a7 སེམས་ཅན་དམྱལ་བར་སྐྱེས་ཏེ། དེར་སྐྱེས་པའི་མགོ་སྐད་ཅིག་གཅིག་ལ་སྐྱེས་སོ་ཆོ་ག་ནི། ལྕགས་ཀྱི་འཁོར་ལོ་འབར་བས་བཅད་དོ།། དེ་ནས་དེ་ཡང་བསྐལ་པ་བྱེ་བས་ཐར་པར་འགྱུར་རོ།། ཁྱོད་ཀྱིས




iiif viewer powered by OpenSeadragon

268b - 269b

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo