e-texts navigator
Collection
Volume
Page
Wylie

268b1 རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བར་གྱུར་ཏོ།། རྒྱལ་པོའི་མིང་གི་ཡོན་ཏན་ཐམས་ཅད་འབྱོར་ཅིང་ལྡན་པར་གྱུར་ལ། དགའ་མགུར་སྤྱོད་པ་དེ་འདི་སྙམ་དུ་འདི་གང་གི་མཐུ་ཡིན། བདག།
268b2 གི་རྒྱལ་སྲིད་བསྐལ་པ་བཟང་པོ་དང་ལྡན་པ་འདི་གང་གིས་བྱུང་བར་གྱུར་སྙམ་པ་དང་། དེ་སངས་རྒྱས་ཀྱི་མཐུས་སྔོན་གྱི་ལས་མངོན་པར་འདུས་བྱས་པ་དེ་ཐམས་ཅད་རྗེས་སུ་དྲན་ནོ།། ཡང་དག་པར་དྲན་ནས་ཀྱང་བཙོ།
268b3 ལྡན་འདས་ཀྱི་ཐད་དུ་བཅོམ་ལྡན་འདས་བདག་ཅག་དང་སེམས་ཅན་མང་པོ་གཞན་རྣམས་ལ་ཐུགས་བརྩེ་བའི་སླད་དུ། ཚུར་གཤེགས་སུ་གསོལ་ཞེས་ཕོ་ཉ་གཅིག་བཏང་ངོ་།། ཕོ་ཉ་བཏང་ནས་ཀྱང་རྒྱལ་བུ་རྒྱལ་བྱེད་ཀྱི
268b4 ཚལ་གྱི་བར་དང་། རང་གི་ཁྱིམ་གྱི་བར་དུ་བར་དེར། བཅོམ་ལྡན་འདས་ཀྱི་ཐམས་ཅད་དང་ལྡན་པའི་ལམ་ཆག་ཆག་བཏབ་ཅིང་། ཕྱག་དར་བྱས་ཏེ། མེ་ཏོག་ཆལ་པར་བཀྲམ་ནས། གདུགས་དང
268b5 རྒྱལ་མཚན་དང་། བ་དན་དང་རྟ་བབས་བཙུགས་ཤི་པོག་པོར་དག་གིས་གདུགས་ནས་མངོན་པར་བརྒྱན་ཏེ། བཅོམ་ལྡན་འདས་ཀྱང་དེ་ལ་ཐུགས་བརྩེ་བའི་སླང་དུ་གཤེགས་སོ།། དེ་ནས་རྒྱལ་པོ
268b6 དེ་གྲོང་ཁྱེར་གྱི་མི་དང་། ཡུལ་མི་དང་བཅས་ཤིང་བློན་པོ་ཆེན་པོ་དང་། བློན་པོ་དང་། བསྒོ་བ་དང་། འཁོར་གྱི་ཚོགས་དང་བཅས་པས་བསུའོ།། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མེ་ཏོག་དང་། ཕྲེང་བ་དང་།
268b7 བྱུག་པ་དང་ཕྱེ་མས་སྒོས་པའི་སློབ་མ་དཔག་ཏུ་མེད་པས་མཆོད་དེ། དགེ་སློང་གི་དགེ་འདུན་དང་བཅས་པའི་ཞབས་ལ་ལུས་ཐམས་ཅད་ཀྱིས་ཕྱག་འཚལ་ནས། འཁོར་དང་བཅས་ཏེ་བཅོམ་ལྡན་འདས་ལ་བླ་མ་ལ




iiif viewer powered by OpenSeadragon

268a - 269a

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo