| e-texts navigator |
| Wylie |
268a1 པོའི་དཀྱིལ་འཁོར་གྱིས་ཁྱེབས་པ་དགའ་ཞིང་གསལ་བའི་ཕྱོགས་དེ་མཐོང་ངམ། དེ་དག་གིས་སྨྲས་པ། གྲོགས་པོ་མཐོང་ངོ་།། དེས་སྨྲས་པ། དེ་ན་རྒྱལ་པོའི་མཚན་དང་ལྡན་པའི་སྐྱེས་བུ་དེ་འདུག།
268a2 སྟེ། དེའི་བསོད་ནམས་ཀྱི་ལས་ཀྱིས་གྲིབ་མའི་དོན་དུ་སྤྲིན་དེ་དག་འདུས་སོ།། དེ་ནས་དེ་དག་དེར་དོང་ནས་སིལ་བསྟན་དང་། ཀླུ་དབྱངས་ཀྱི་སྒྲས་སྦྲན་ཏེ། བཏུད་ནས་དེ་ལ་འདི་སྐད་ཅེས་སོ།། དབང་བསྐུར་བ་གཞེས
268a3 ལ་རྒྱལ་པོར་གྱུར་ཅིག། དེས་སྨྲས་པ་ཁོ་བོ་ལྟ་བུ་རྒྱལ་པོའི་འོས་ག་ལ་ཡིན་དེ་དག་གིས་སྨྲས་པ། བསོད་ནམས་ཀྱི་ལས་ཅན་ཁྱོད་དེ་སྐད་མ་ཟེར་བར། ཁྱོད་གདོན་མི་ཟ་བར་རྒྱལ་པོར་བྱ་དགས་སོ།།
268a4 སྨྲས་པ་དེ་བཞིན་དུ་གྱུར་ཅིག། དེ་ནས་དེ་དག་གིས་གསེར་གྱི་རྐང་རྟེན་ལ་རྐང་པ་བཞག་པ་དེ་སྟན་བཟང་པོ་ལ་འདུག་དུ་བཅུག་ན། བཀྲ་ཤིས་ཐམས་ཅད་ཀྱིས་བརྒྱན་པར་བྱེད་ཅིང་དབང་བསྐུར་ཏེ། དབུ
268a5 བརྒྱན་དར་ཐོད་ཅན་ལ་སོགས་པའི་བརྒྱན་རྣམས་ཀྱིས་བརྒྱན་ནས། ཤིང་རྟའི་མགོ་ལོགས་སུ་གདུགས་ཆེན་པོ་བསྒྲེངས་ཏེ་བཙུགས་ཤིང་། ཡུ་བ་གསེར་ལས་བྱས་པ། ནོར་བུ་ཅན་གྱི་རྔ་མའི་བསིལ
268a6 ཡབ་དག་གིས་གཡོབ་ཅིང་། ལྷ་རྒྱལ་བར་གྱུར་ཅིག། རྒྱལ་བར་གྱུར་ཅིག་ཅེས་ཀུན་ནས་མངོན་པར་བསྟད་ཏེ། རྒྱལ་པོའི་ཕོ་བྲང་འཁོར་དུ་ཁྲིད་དོ།། དེ་ནས་རྒྱལ་པོའི་ཤིང་རྟ་དེ་བསྒྱུར་བའི་འཁོར་ལོས་དཀྲེན་པ
268a7 ཅིག་ཤོས་གཉིད་ལོག་པའི་མགོ་གཅོད་དོ།། དེ་ནས་བསོད་ནམས་ཀྱི་ལས་ཅན་དེ་ཡང་རྒྱལ་སྲིད་དེ་ལས་གནས་པར་གྱུར་ཏེ། དེའི་རྒྱལ་སྲིད་དེ་ཡང་ཡམས་ཀྱི་ནད་མེད་པ་དང་། གནོད་པ་མེད་པ་དང་། འབྱོར་པ་དང་།