e-texts navigator
Collection
Volume
Page
Wylie

267a1 བྱེད་ལ་སེམས་ཉེ་བར་ཞི་བ་ཡིན་ཞིང་། བྱམས་པའི་བདག་ཉིད་ཅན་དག་གོ།། འདིས་ནི་བདག་ཞག་བདུན་དུ་ཚིམ་པར་འགྱུར་བར་བྱའོ།། གང་འདི་དག་ལ་བྱིན་ན་འབྲས་བུ་ཆེ་བ་སྦྱིན་གནས
267a2 ཆེན་པོ་འདི་ལྟ་བུ་དག་ལ་ནི་སྦྱིན་པར་བྱེད་པ་ནི། སྤྲིན་བདག་ཆེན་པོ་མཁས་པ་སྟེ། ལེགས་སོ་གལ་ཏེ་བདག་རྒྱལ་པོར་གྱུར་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཞག་བདུན་དུ་བསྙེན
267a3 བཀུར་ཐམས་ཅད་ཀྱིས་རིམ་གྲོ་བྱེད་པར་གྱུར་ཅིག་སྙམ་དུ་སེམས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་ནས། གསང་སྡེར་གྱུ་སྟེ། ཕྱག་བཅབས་ནས་ཚེ་དང་ལྡན་པ
267a4 ཀུན་དགའ་བོ་ལ་བཀའ་བསྩལ་པ། ཀུན་དགའ་བོ།། དེང་ཕྱིན་ཆད་བཟའ་བ་དང་བཏུང་བ་མ་བླངས་པ་ཉིད་དུ་རྗེས་སུ་ཡིད་རང་བ་བརྗོད། ཅིག། དེ་ནས་སྤོབས་པའི་བློ་གྲོས་གཡོག་འཁོར
267a5 དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ།། བཅོམ་ལྡན་འདས་ཀྱིས་དེ་ལ་ཡང་དག་པར་དགའ་བ་དང་། ཡང་དག་པར་གཟེངས་བསྟོད་པ་དང་། ཡང་དག་པར་འཛིན་དུ་བཞུག་པ་སྔུན་དུ
267a6 མཛད་པའི་ཆོས་ཀྱི་གཏམ་སེམས་ཅན་མང་པོའི་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་བསྐྱེད་པར་མཛད་དོ།། གདན་ལས་བཞེངས་ནས་གཞུད་དེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་ནས་དེ་ན་བཞུགས་སོ།།
267a7 དེ་ནས་སྡུག་བསྔལ་བ་དེ་གཉིས་འཁོར་འཁོར་ཁྱམ་ཁྱམ་སྟེ། ཡུལ་གཞན་ཞིག་དུ་སོང་ནས། ཕ་ཟད་ཚུ་ཟད་ཙམ་གྱི་ཕྱོགས་སུ་ཉལ་བར་གྱུར་ཏོ།། དེར་བསོད་ནམས་ཀྱི་ལས་ཅན་དེ་ལ། སྟེང་གི་ནམ་མཁ




iiif viewer powered by OpenSeadragon

266b - 267b

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo