e-texts navigator
Collection
Volume
Page
Wylie

266b1 ནི་མེ་ཏོག་དང་། སྤོས་ཆུར་བཅས་པས་བཀང་བའི་རིལ་བ་ཐོགས་ནས། སྟོན་པའི་སྤྱན་སྔར་འདུག་པར་གྱུར་ཏོ།། ཡང་དེའི་ཚེ་སྡུག་བསྔལ་བའི་གྲོགས་པོ་གཉིས་ཤིག་སྤོབས་པའི་བློ་གྲོས་ཀྱི་ཁྱིམ་དུ་ཕྱིན་པར
266b2 གྱུར་ནས། དེ་གཉིས་ལས་གཅིག་ནི་དགེ་འདུན་གྱི་ནང་དུ་ཞུགས་སོ།། དེའི་ཚེ་དགེ་སློང་ཐམས་ཅད་ལ་བཟའ་བ་དང་། བཏུང་བ་འབྱོར་ཚོགས་ཞེས་མ་སྨྲས་ལ། བཅོམ་ལྡན་འདས་ཀྱིས་ཀྱང་རྗེས་སུ་ཐུགས
266b3 རང་བ་མ་གསུངས་པས་དེ་ལ་གང་གིས་ཀྱང་ཅི་ཡང་མ་བྱིན་ནས། དེ་འཕྲོས་ཏེ་ཕྱིར་བྱུང་ནས་འདི་སྙམ་དུ་ཀྱེ་མ་སྡུག་བསྔལ་བདག་དལ་གང་གིས་ཅི་ཡང་མ་བྱིན་ན་དགེ་སྦྱོང་བདག་ཉིད་ངན
266b4 པ་རྣམས་ཏེ། སེམས་ཉེ་བར་ཞི་བ་ཡིན་ཞིང་སྙིང་རྗེ་མེད་ལ་བྱམས་པའི་སེམས་དང་ལྡན་པ་ཡིན་པ་དག་གོ།། གང་དེ་དག་ལ་བྱིན་ཡང་འབྲས་བུ་མེད་པ་དེ་ལྟ་བུ་དག་ལ་བྱིན་པར་བྱེད་པ
266b5 ནི་སྤྲིན་བདག་བླུན་པོ་སྟེ། གལ་ཏེ་བདག་རྒྱལ་པོར་གྱུར་ན། ཐམས་ཅད་ཀྱི་མགོ་ལྕགས་ཀྱི་འཁོར་ལོས་བཅད་དོ་སྙམ་དུ་སེམས་པར་གྱུར་ཏོ།། དེ་ནས་དེའི་འོག་ཏུ་དགེ་སློང་ཐམས་ཅད་ལ་བཟའ་བ་དང་།
266b6 བཅའ་བ་དག་འབྱོར་ཚོགས་ཤེས་བྱས་ཤིང་། བཅོམ་ལྡན་འདས་ཀྱིས་རྗེས་སུ་ཐུགས་རང་བར་མཛད་པ་དང་། ཅིག་ཤོས་འོངས་པར་གྱུར་ཏོ།། དེས་ནི་བཟའ་བ་དང་། བཏུང་བ་མང་བ་དང་། གསོད་པ་ཐོབ
266b7 ནས་དེ་ཡིད་རངས་ཏེ་ཕྱིར་འབྱུང་ནས་འདི་སྙམ་དུ། ཀྱེ་མ་སྡུག་བསྔལ་བ་བདག་ལ་གང་དག་གིས་བཟའ་བ་དང་། བཏུང་བ་མང་བ་དང་གསོད་པ་བྱིན་པ་ནི་དགེ་སློང་བདག་ཉིད་ཆེན་པོ་རྣམས་དང་། སྙིང་བརྩེ་བར




iiif viewer powered by OpenSeadragon

266a - 267a

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo