e-texts navigator
Collection
Volume
Page
Wylie

266a1 ལྡན་འདས་དམ་པ་དེ་ལ་སྟོད་ཅིག་ཅེས་བསྒོ་སྟེ། སྤོབས་པའི་བློ་གྲོས་མཛའ་བཤེས་དང་། བློན་པོ་དང་ཉེ་དུ་དང་། རྒན་རབས་ལ་སོགས་པ་དང་ལྷན་ཅིག་འགྲོགས་ཤིང་ཇི་སྐད་སྨྲས་པ་ཐམས་ཅད་བྱསོ།།
266a2 དེ་ནས་བཅོམ་ལྡན་འདས་དེའི་ཚེ་མཚན་མོ་འདས་ནས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་བསྐྱེད་མོས་ཚལ་ཆེན་པོ་ནས་བྱུང་ནས་སེམས་ཅན་རྣམས་ལ་ཐུགས་བརྩེ་བས།
266a3 དེ་བཞིན་གཤེགས་པའི་རྫ་འཕྲལ་གྱི་དཔལ་རྣམ་པར་འཕྲུལ་པ་ཡང་དག་པར་བསྟན་པའི་རོལ་པས།། ཆོ་འཕྲལ་དང་བཅས་པར་མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོར་གཤེགས་སོ།། གཤེགས་ནས་ཀྱང
266a4 རིམ་གྱིས་སྤོབས་པའི་བློ་གྲོས་ཀྱི་ཁྱིམ་ག་ལ་བར་ལོགས། སུ་བཞུད་དོ།། དེ་ནས་སྤོབས་པའི་བློ་གྲོས་གཡོག་འཁོར་བཅས་པས། བཅོམ་ལྡན་འདས་བསུ་ནས་མཆོད་ཡོན་དང་། ཞབས
266a5 ལ་དབུལ་བས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཞམ་འབྲིང་བ་དང་བཅས་པར་ཁྱིམ་གྱི་ནང་དུ་གཤེགས་ཏེ། བཅོམ་ལྡན་འདས་ཅི་འོས་པའི
266a6 སྟན་མཆོག་ལ་བཞུགས་སོ།། དགེ་སློང་གི་དགེ་འདུན་ནི་ཅི་འོས་པ་ལ་འཁོད་དོ།། དེ་ནས་སྤོབས་པའི་བློ་གྲོས་ཀྱི་ཕ་མ་དང་སྲས་དང་། མཛའ་གཤེས་དང་། བློན་པོ་དང་། ཉེ་དུ་དང་། རྒན་རབས
266a7 རྣམས་ནི་ཡིད་དགའ་ཞིང་འདུད་ལ། བླ་མ་ལ་གུས་པ་དང་། གཅེས་པར་བྱེད་པ་ཆེན་པོས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་པ་ལ་འདྲིམ་པར་བརྩོམ་མོ།། སྤོབས་པའི་བློ་གྲོས




iiif viewer powered by OpenSeadragon

265b - 266b

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo