| e-texts navigator |
| Wylie |
265b1 དེ་རང་གི་ཁྱིམ་དུ་སོང་ནས། ཕ་མ་གཉིས་ཀྱི་རྐང་པ་ལ་ཕྱག་བྱས་ཏེ། ཐལ་མོང་ཕུག་ཕུག་པོར་སྦར་ནས། འདི་སྐད་ཅེས་སྨྲས་སོ།། ཡབ་ཡུམ་འདི་ལྟར་གང་འཇིག་རྟེན་ཤིན་ཏུ་དཀོན་པ་དེ་བཞིན་གཤེགས་པ
265b2 བླ་ན་མེད་པ་ཆོས་ཀྱི་རྒྱལ་པོ་ཁམས་གསུམ་པ་ཐམས་ཅད་ལས་འདས་པ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་སང་བདག་གིས་གདུགས་ཚོད་ལ་སྤྱན་དྲངས་ནས། དེས་ཀྱང་བདག་ཅག་ལ
265b3 ཐུགས་བརྩེ་བའི་སླད་དུ། གནང་ལགས་ཀྱིས་མཁྱེན་པར་མཛོད་ཅིག། དེ་ནས་སྤོངས་པའི་བློ་གྲོས་ཀྱི་ཕ་མ་དག་ཡིད་དགེ་སྟེ། འདི་སྐད་ཅེས་སྨྲས་སོ།། བུ་ལེ་གས་སོ་ཁྱོད་ཀྱིས་ལེགས་པར་བྱས་སོ
265b4 ཞེས་མངོན་པར་བསྟོད་ཏེ། དེ་བཞིན་གཤེགས་པ་མཆོད་པའི་ལས་ལ་སྤྲོ་བར་གྱུར་ཏོ།། དེ་ནས་སྤོབས་པའི་བློ་གྲོས་ཀྱིས། རང་གི་ཆུང་མ་དམ་པ་གཡོག་འཁོར་བཅས་པ་ལ་བསྒོ་བ། བཟང
265b5 མོ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་དང་བཅས་པའི་དོན་དུ་བཟའ་བ་དང་བཏུང་བ་རོ་བརྒྱ་དང་ལྡན་པ། མང
265b6 བ་དང་། གསོད་པར་སྦྱོར་ཅིག་སྦྱར་ནས་ཀྱང་ཁྱིམ་ཐམས་ཅད་ཆག་ཆག་གདབ་པ་དང་། ཕྱག་དར་བྱ་བ་དང་། བླ་རེ་བྲེ་བ་དང་། དར་གྱི་ལྔ་ལྡི་གདགས་པ་དང་། མེ་ཏོག་ཆལ་པར་བཀྲམ་པ་དང་། བདུག
265b7 སྤོས་དྲི་ཞིམ་པོས་གདུག་པར་བྱེད་དུ་ཆུག་ལ། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་པའི་གདན་ཅི་འོས་སུ་ཐིམ་སྟེ་མཆོད་ཡོན་དང་། ཞབས་ལ་དབུལ་བ་སྤྱན་སྔར་བཞག་པས། བཅོམ