e-texts navigator
Collection
Volume
Page
Wylie

265a1 བརྒྱན་ལ་སོགས་པ་དཔག་ཏུ་མེད་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གཏོར་ཏོ།། དེ་ནས་ཚོང་དཔོན་སྤོངས་པའི་བློ་གྲོས་བསྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས
265a2 པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཁམས་གསུམ་པའི་བླ་མ་ཆོས་ལྔ་པོ་འདི་དག་ལེགས་པར
265a3 གསུངས་པ་ལེགས་སོ་ལེགས་སོ།། ཆོས་ལྔ་པོ་དེ་དག་ཐོས་ནས་འཁོར་བའི་ཡིད་བཞིན་དུ་ཐམས་ཅད་རྫོགས་པར་དོན་གྲུབ་པར་འགྱུར་ལགས་སོ།། མ་འོངས་པའི་སེམས་ཅན་རྣམས་ཀྱང
265a4 འདི་ཉིད་ཐོབ་ནས། ནག་པོའི་ཕྱོགས་སྤངས་ཏེ། དཀར་པོའི་ཕྱོགས་ལ་ཞུགས་ཤིང་། བརྟུལ་ཞུགས་གྲུབ་པར་འགྱུར་ལགསོ།། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས
265a5 གཅིག་ཏུ་སང་བདག་གི་སྡུམ་པར་སྤྱན་འདྲེན་ན། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། ཁྱོད་ཀྱིས་དེ་ལྟར་གནང་བར་མཛད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་སྤོབས་པའི་བློ་གྲོས་ལ་ཐུགས་བརྩེ།
265a6 བའི་སླད་དུ་གནང་བར་མཛད་དོ།། དེ་ནས་ཚོང་དཔོན་སྤོབས་པའི་བློ་གྲོས། བཅོམ་ལྡན་འདས་ཀྱིས་གནང་བར་རིག་ནས་ཚིམ་ཞིང་མགུ་སྟེ། ཡིད་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང་ཡང་བདེ་བ
265a7 སྐྱེས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། གཡོག་འཁོར་དང་བཅས་ཏེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་།།




iiif viewer powered by OpenSeadragon

264b - 265b

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo