| e-texts navigator |
| Wylie |
264b1 ཉེན་མ་ལུས་ལ། བདག་དང་བུ་གཅིག་བྱིས་པ་རྣམས་དང་འདྲར་མཐོང་བ།། དེ་དག་སྲིད་པ་ཀུན་དུ་མྱ་ངན་མེད་ངེས་འགྱུར།། ཤིན་ཏུ་རྣམ་དག་ཐུགས་མངའ་སངས་རྒྱས་རྣམས་ཀྱང་མཐོང་།། གང་དག་ཤེས་རབ་རིན།
264b2 ཆེན་ཆེན་པོ་འབྱོར་མཛད་རྣམས།། ཉིན་དང་མཚན་དུ་དགེ་བ་ཀུན་ཏུ་སྤྱོད་པར་བྱེད།། འདིར་ནི་རྨད་དུ་བྱུང་བའི་འོད་དང་ལྡན་པ་རྣམས།། འཇིག་རྟེན་མུན་པ་ཆེ་ལ་སྣང་བ་མཆོག་བྱེད་འགྱུར།། ཀུན་ཏུ་ཆོས་རྣཾས།
264b3 ཐམས་ཅད་རབ་ཏུ་རྣམ་ཕྱེ་ནས།། སངས་རྒྱས་ལམ་ལས་མཆོག་ནི་གཞན་མེད་པར།། ངེས་པར་བྱས་ནས་ལྷ་དང་བཅས་པའི་འཇིག་རྟེན་གྱི།། མཐར་ཐུག་འགྲོ་བར་འགྱུར་བྱའི་རྒྱུ་ནི་ཤེས་པར་འགྱུར
264b4 དེ་ནས་ཚོང་དཔོན་སྤོབས་པའི་བློ་གྲོས་ཆོས་ཀྱི་རྣམ་གྲང་འདི་ཐོས་ནས་ཚིམ་ཞིང་མགུ་སྟེ།། ཡིད་རངས་ནས་རབ་ཏུ་དགའ་སྟེ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། མི་སྐྱེ་བའི་ཆོས་ལ་བཟོད
264b5 བ་ཐོབ་པོ།། ཚོང་དཔོན་གྱི་བུ་ལྔ་བརྒྱ་ཙམ་པོ་དང་། སོ་སོ་ཡི་གཡོག་འཁོར་ལྔ་བརྒྱ་པོ་དེ་དག་ནི་ཆོས་རྣམས་ལ།། ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་པོ།། བཅོམ་ལྡན
264b6 འདས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ།། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཇི་སྙེད་འདུས་པར་གྱུར
264b7 བ་དེ་ཐམས་ཅད་ཀྱིས་ནི་ཅི་བསམས་པ་བཞིན་གྱི་ཐེག་པ་རྣམས་ལ་སེམས་བསྐྱེད་དོ།། ཅི་འདོད་པ་བཞིན་དུ་ཕུན་སུམ་ཚོགས་པ་ཡང་ཐོབ་ཅིང་། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། གོས་དང་།