| e-texts navigator |
| Wylie |
264a1 དང་སློབ་དཔོན་དུ་ཤེས་ཤིང་གུས་པ་དང་བཅས་པ་དང་། བཀའ་ཐོ་བ་པ་དང་འཐུན་པར་འཛིན་པར་བསྒྲུབ་པ་དང་། ཀུན་ཏུ་ཕྱོགས་པ་མེད་པའི་འོད་ཟེར་རྣམས་ཀྱིས་སེམས་ཅན་ཐམས་ཅད་བ།
264a2 དང་འདྲ་ཞིང་བུ་གཅིག་པའི་བྱིས་པ་དང་འདྲ་བར་མཐོང་བ་དང་། ཇི་ལྟར་བརྩམས་པའི་མདོ་སྒྲུབ་པ་དང་། ཀླག་པ་དང་། ཁ་ཏོན་དང་། ལུང་ནོད་པ་དང་། བཤད་པ་རྣམས་ཡིད་ལ་བྱེད་པ་ཡངས་ཤིང་རྣམ་པ་སྣ
264a3 ཚོགས་པ་དག་གིས་པར་ཆད་མེད་པར་བསྒོམ་པ་ལ་མངོན་པར་ཞེན་ཅིང་། སྒྲུབ་པར་བྱེད་པ་སྟེ། སྤོབས་པའི་བློ་གྲོས་དགེ་སྦྱོང་དང་རིགས་ཀྱི་བུ་རིགས་ཀྱི་བུ་མོ་ཉེ་བར་ཞི་འུ་གཙོ་བོར་འཛིན་པ་སེམས་ཅན
264a4 རྫ་པོ་དེ་དག་དང་ལྡན་པ་རྣམས་ནི་གང་དང་གང་དུ་སྐྱེ་བའི་སྐྱེ་བ་དེ་དང་དེ་ཐམས་ཅད་དུ་བར་ཆད་མེད་པར་སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་རྣམས་དང་མི་འབྲལ་བར་འགྱུར་ཞིང་།
264a5 སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ནས་ཀྱང་དེ་དག་ལས་ཆོས་ཀྱང་ཐོས་ནས། ཡིད་དགའ་ཞིང་ཅི་བསམས་པ་བཞིན་དུ་བྱང་ཆུབ་རྣམས་ཐོབ་པར་འགྱུར་ལ། ཅི་འདོད་པ་བཞིན་དུ་ཕུན་སུམ་ཚོགས
264a6 པ་རྣམས་ཀྱང་ཐོབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་གཅད་པ་འདི་དག་བཀའ་བསྩལ་ཏོ།། གང་དག་སངས་རྒྱས་ཡོན་ཏན་མཆོག་གི་ཆོས་ལ་གནས།། དེ་དག་ཉིད་ཀྱིས
264a7 སེམས་ཅན་ཐམས་ཅད་འདུལ་བར་བྱེད།། སངས་རྒྱས་སྐུ་གཟུགས་གཟུགས་ལེགས་རྣམས་ནི་བྱེད་པར་འགྱུར།། མཁས་པ་རྣམས་ནི་སློབ་དཔོན་ཚིག་ལ་མཆོད་པར་བྱེད། གང་དག་ཕྱོགས་བཅུ་རྣམས་ཀྱི་འཇིག