e-texts navigator
Collection
Volume
Page
Wylie

263b1 སྐྱོན་གནས་མི་ནི་ས་ཡ་མང་པོས་གླེང་བར་འགྱུར། སེམས་ཅན་བརྫུན་སྨྲ་རྣམས་ཀྱིས་ཐ་མ་ལ་སེམས་དང་ལུས་བདེ་མ་ཡིན་ཕྱིར།། སྔར་བཤད་ཉེས་འགྲོ་དེའི་འབྲས་བུ་སྡུག་བསྔལ་མང་པོ་སྤྱོད་པར་འགྱུར།།
263b2 མི་ཉིད་སྤངས་ནས་དབང་མེད་མི་རྣམས་བདེ་བ་ཀུན་ལ་སླུ་བྱེད་པའི།། སེམས་ཅན་དམྱལ་བའི་འཇིག་རྟེན་འགྲོ་འགྱུར་དེ་ནས་ཤི་འཕོས་ནས་ནི།། འགྲོ་བ་ལྔ་པོའི་འཁོར་བའི་འཁོར་ལོ་རྩུབ་པར་དུད་འགྲོ་རྣཾས
263b3 སྐྱེ། དེ་ལྟར་ལུས་ཅན་ཁྱམ་པ་རྣམས་ཀྱི་སྡུག་བསྔལཟད་པར་འགྱུར་བ་མེད།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོང་བའི་བློ་གྲོས་རལ་བཀའ་བསྩལ་པ།། སྤོབས་པའི་བློ་གྲོས་དགེ་སྦྱོང
263b4 དོང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཉེ་བར་ཞི་བར་གཙོ་ཁོར་འཛིན་པའི་སེམས་ཅན་ཆོས་ལྔ་དང་ལྡན་པ་རྣམས་ནི། གང་དང་གང་དུ་སྐྱེ་ཁའི་སྐྱེ་བ་དེ་དང་དེ་ཐམས་ཅད་དུ་རྟག་པར་སངས་རྒྱས་དང
263b5 ཆོས་དང་དགེ་འདུན་དང་ཕྲད་པ་ཐོབ་པར་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ནས་ཀྱང་དེ་དག་ལས་ཆོས་ཀྱང་ཐོས་ནས་ཡོད་དགའ་ཞིང་ཅི་བསམས་པ་བཞིན་དུ་བྱང་ཆུབ་རྣམས་ཐོབ་པར་འགྱུར།
263b6 ལ། ཅི་འདོད་པ་བཞིན་ཕུན་སུམ་ཚོགས་པ་རྣམས་ཀྱང་ཐོབ་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ཉིད་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། གཞན་དག་ཀྱང་གསུམ་ལ་སྐྱབསུ
263b7 འགྲོ་བ་བསྒྲུབ་པ་ལ་རྣམ་པར་འཇོག་པར་བྱེད་པ་དང་། རྣམ་པ་ཐམས་ཅད་ཀུན་ཏུ་རྫོགས་ཤིང་རྒྱས་ལ་རྒྱ་ཆེན་པོ་ལེགས་པར་བྱས་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་དང་། མཁན་པ།




iiif viewer powered by OpenSeadragon

263a - 264a

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo