| e-texts navigator |
| Wylie |
263a1 ལྷུར་བྱེད་པ་དང་། ཆོས་ཀྱི་འབྲེལ་པའི་གཏམ་ཆེན་པོ་ལ་འདས་པ་ན། ཆོས་ཀྱི་གཏམ་དེ་ལ་རྣམ་པར་སྨོད་པ་དང་ཚངས་པ་མཚུངས་པ་སྤྱོད་པ་རྣམས་མཐོང་ན་དེ་དག་ལ་བརྙས་ཤིང་ཁྱད་དུ་གསོད་པ་དང་།
263a2 དམན་པའི་སེམས་སུ་བྱེད་པ་སྟེ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི་མིའི་དམ་པ་ཐོབ་ནས།། རྟག་ཏུ་བསྐོར་པ་འདེབས་པ་ཐོབ་པར་འགྱུར་ཞིང་། སྐྱེ་བོ་མང་པོ་མི
263a3 དགའ་བ་དང་། མདོག་མི་སྡུག་པ་དང་། ཁ་དྲི་མི་ཞིམ་པ་དང་། སེམས་མི་དགའ་བ་དང་། གནོད་པ་མང་བ་དང་། ལུས་ཤིན་ཏུ་སྦྱངས་པ་མ་ཡིན་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས
263a4 སུ་གཅད་པ་འདི་དག་བཀའ་བསྩལ་ཏོ།། སེམས་ཡིད་རྣམས་ཀྱི་གཞན་སེམས་དྲག་ཏུ་འཁྲུག་དང་སྡིག་པ་རྣམས་བྱས་པས།། ལོག་པའི་ངག་དང་གཞན་ལ་གནོད་པར་དགའ་བ་ཐ་མ།
263a5 རྣབ་སེམས་དང་།། ལུས་ཀྱིས་སྡུག་བསྔལ་རྫོགས་པར་བྱེད། ཉམས་སུ་མྱོང་བར་འགྱུར།། ལྕགས་ཀྱི་ལྕགས་ཀྱུ་ཆེན་པོ་རྣོན་པོ་རྣམས་ཀྱིས་ཉམས་ཐག་ལྕེ་འབྱིན་འགྱུར།
263a6 ཤིན་ཏུ་རྗེའི་དབང་ཕྱུག་གནས་སུ་ཡང་མི་རྣམས་ཤིན་ཏུ་ཟངས་སྐོལ་ལྷུད་པར་འགྱུར།། དམྱལ་བར་མི་བདེན་ཚིག་ཆེན་སྐྱེས་པ་དེ་དག་དགའ་བར་ཡོང་མི་འགྱུར།། གང་ཚེ་འདིར་ནི་ཚིག་བཟང་བྲལ་བར
263a7 རོ་ལྟ་ར་ཁ་དྲི་མི་ཞིམ་ཞིང་།། འཇིག་རྟེན་མིག་ཏུ་སྡུག་པ་ཡིད་འོང་ལྟ་བ་སྡུག་མ་ཡིན་རྣམས་སུ་འགྱུར།། རྒྱལ་པོའི་ཕོ་བྲང་འཁོར་དུ་མི་སྙམ་བསྐུར་འདེབས་བརྩོད་པའི་སྐྱོན་མང་ཞིང་།། དེ་དག་རྟག་ཏུ