e-texts navigator
Collection
Volume
Page
Wylie

262b1 པར་གྲགས། གང་དག་བདག་བྱམས་གཞན་མཚུངས་མི་ཕན་སྐྱོན་བརྗོད་སྡིག་པ་ངན་པའི་ལས།། ཕྲལ་ནས་དགེ་བ་ཀུན་ལ་སེམས་ཅན་རྣམས་ནི་སྦྱོར་དུ་འཇུག་བྱེད་པ། དེ་དག་མིའི་འཇིག་རྟེན་ཐོབ་ནས་བསྐལ་བཟང
262b2 ཀུན་ཏུ་ཐམས་ཅད་དགའ།། ཤིན་ཏུ་དགའ་ཡིད་འོང་རིན་ཆེན་ཡུལ་ཅན་བདེ་གནས་སྡིག་ལས་ལྡོག་པར་འགྱུར།། དམ་པའི་ཆོས་ནི་གཟུང་དང་བསྟན་བརྩོན་དེ་སེམས་བྱེད་ཅིང་ངེས་པར་འགྱུར།། འདིར་ནི་སོས
262b3 ཅན་ཀུན་ལ་ཕ་མ་འདྲ་བའི་བྱམས་པའི་སེམས་ལྡན་འགྱུར།། འདས་པཡི་དུས་སུ་ལུས་ཅན་ཀུན་ནི།། ངེད་ཀྱི་རྩ་ལག་ཚོགས་གྱུར་ཅེས། དེ་ལྟར་ཟླ་བ་ལྟ་བུའི་སེམས་སྦྱངས་དེ་དག་ལ་ནི་ཕན
262b4 པར་བྱེད། འགྲན་དྲེགས་ཁྱད་གསོད་ལ་སོགས་རྣམ་པ་སྣ། ཚོགས་ཕན་ཚུན་སུན་འབྱིན་པའི།། སྡིག་པ་ཡོངས་སུ་སྤངས་ནས་དག་པའི་ཡིད་ཅན་སྐྱོན་རྣམས་ཀུན་སྤངས་ནས།། སེམས
262b5 ཅན་ལྷག་པའི་བསམ་པ་དགེ་བས་སྙན་ཚོགས་ཕན་ཚུན་བརྗོད་པར་བྱེད།། མྱུར་དུ་ལྷའི་དབང་ཕྱུག་མཚུངས་མེད་ཐོབ་ནས་སངས་རྒྱས་དགེ་བར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི
262b6 བློ་གྲོས་ལ་བཀའ་བསྐུལ་པ་སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་ནི། མི་དམ་པ་ཐོབ་ནས་རྟག་ཏུ་བསྐུར་པ་འདེབས་པ་ཐོབ་པར་འགྱུར་ཞིང་སྐེ་བོ་མང་པོ་མི་དགའ་བ་དང་། ཁ
262b7 དྲིཔོརྣམ་པ་དང་། རིམས་མི་དགའ་བ་དང་གནང་པ་མང་བ་དང་ཡུས་ཞེ་དུ་བྱས་པ་མ་ཡིན་པར་འགྱུར་ཏེ། སྡི་ག་པའིས་རྡུང་དུ་སྨྲ་བ་དང་། སྤུན་དུ་ས་པས་ནག་ཏུ་གཞན་གྲུ་བའི་སེམས




iiif viewer powered by OpenSeadragon

262a - 263a

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo