e-texts navigator
Collection
Volume
Page
Wylie

262a1 མེད་པའི་ཚིག་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོ་དང་། ཐེག་པ་རྣམ་གསུམ་པོ་ཐམས་ཅད་ཀྱི་ཚིག་གི་རང་བཞིན་ལ་མི་བཟོད་པ་མེད་ཅིང་མི་སྤོང་ཞིང་དེ་ཐམས་ཅད་གཟུང
262a2 བ་དང་བཤད་པ་དང་ཀླག་པ་དང་། ཁ་དོན་ལ་སོགས་པ་བྱེད་པ་དང་། ངག་གི་སྐྱོན་བཞི་པོ་ཚད་མེད་པ་རྣམ་པར་སྤོང་ཞིང་།། འཕགས་པའི་ལམ་ལ་བཀུར་བ་མི་འདེབས་པ་དང་། སེམས་ཅན་ལོག་པར་བསྒྲུབ
262a3 པ་ལས་གནས་པ་རྣམས་ལ་སྙིང་རྩེ་ཞིང་ཡོངས་སུ་བསྐྱང་བ་དང་། སྐྱོན་དེ་ལས་བཟློག་ཅིང་དགེ་བ་ལ་དགོད་པ་དང་། གཞན་གྱི་སྐྱོན་མཐོང་བའི་བརྗོད་པ་ཡལ་བར་འཇོག་པ་སྟེ། སྤོབས་པའི་བློ་གྲོས་སེམས
262a4 ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི།། མི་རྣམས་ཀྱི་ནང་དུ་སྐྱེས་ནས། བསྐལ་པ་བཟང་པོར་འགྱུར་ཞིང་། ཁྱིམ་ཁོལ་དང་ལྡན་པ། དང་། ཁ་དྲི་ཞིམ་པ་དང་། ཡིད་བཞུངས་པ་དང་།
262a5 མཐུན་པ་དང་། སྐྱེ་བོ་མང་པོ་དགའ་བ་དང་། མྱ་ངན་མེད་པ་དང་། སེམས་ཐ་མལ་དུ་གནས་པ་དང་། ཁྲོ་བ་མེད་པ་དང་། གནོད་པ་མེད་པ་དང་། ཁ་དོག་དང་ལྡན་པ་དང་། གྲགས་པ་དང་།
262a6 ལྡན་པ་རྣམས་སུ་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་གཅད་པ་འདི་དག་བཀའ་བསྩལ་ཏོ།། སངས་རྒྱས་ལ་སོགས་ལ་ཤིན་ཏུ་ཤས་ཆེར་གུས་འབད་པ་མ་རྣམས་མཆོད་པས། རྟག
262a7 ཏུ་ངག་སྐྱོན་ཀུན་བྲལ་འཇིག་རྟེན་དག་ཏུ་རྨད་དུ་བྱུང་བར་འགྱུར།། ཚིག་གི་ཡོན་ཏན་གཟུང་འོས་རྔ་སྐར་བཅས་ཤིང་ཚེ་རབས་ཀུན་ཏུ་ཕན། ཨུད་པལ་དྲི་དང་མཛེས་པའི་རླུང་ལྡན་ཁ་ཡིས་ཕྱོགས་སུ་བསྟན




iiif viewer powered by OpenSeadragon

261b - 262b

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo