| e-texts navigator |
| Wylie |
260b1 གཞན་རྣམས་པར་མཐོད་ནཔ་རེ་ཆེན་མེད་རྣམས་ལྷུང་བར་འགྱུར།། གཤིན་རྗེ་བོ་ཉི་པུང་མགོ་ལས་གྲུབ་རབ་སྟུག་ཅིང་།། སྲ་ལྡན་རྣམས་ཀྱིས་མནན་ནས་ཟངས་བཞུན་པ་འོད་དཀའ་བ།། མེ་འདྲར་བྲོ་མེད་པ
260b2 དེ་དག་རྣམས་ལ་སྡུད།། རྨོངས་རྣམས་ཡན་ལག་བརྒྱད་ལྡན་ཆུ་བཞིན་འཐུང་བར་བྱེད།། ནང་གྲོལ་ལུས་ཀྱི་ཁྲིག་པ་འསྲེགས་པ་བསིལ་བའི་རླུང་གིས་སུ།། སྐྱེས་པའི་བདག་ཉིད་རྣམས་སུ་སྐབས་ཆེན་ཡང
260b3 ལྟུང་བྱེད། དེ་ནས་ཤི་འཕོས་མིའི་འཇིག་རྟེན་འདིར་སྐྱེས་རྣམ། རིགས་དང་ལོངས་སྤྱོད་ལུས་གཡོག་རྣམས་ཀྱིས་དམན་པར་འགྱུར།། དེ་ནས་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ
260b4 བསྩལ་པ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་ན།། རིགས་མཐོན་པོ་རྣམས་སུ་འགྱུར་ཏེ། ལྔ་གང་ཞེ་ན། འདི། ལྟ་སྟེ་ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་དག་གིས་འཇིག་རྟེན
260b5 ཐམས་ཅད་ལ་གནོད་སེམས་མེད་པར་གྱུར་པ་དང་། དཀོན་མཆོག་གསུམ་དང་ཕ་མ་ལ་གུས་པ་དང་། ལྷན་ཅིག་སྐྱེས་པའི་བཟོད་པ་དང་། ངེས་པ་དང་། ཤིན་ཏུ་གྱ་ནོམ་པ་དང་། སངས་རྒྱས་ཀྱི
260b6 གསུང་རྣམ་པ་སྣ་ཚོགས་ཀློག་པ་དང་། ཁ་དོན་དུ་བྱ་བ་ལ་བརྩོན་པ་སྟེ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི་རིགས་མཐོན་པོ་རྣམས་སུ་འགྱུར་རོ།། དེ་ནས་བཅོམ་ལྡན
260b7 འདས་ཀྱིས་དེའི་ཚེ་ཚིགས་སུ་གཅད་པ་འདི་དག་བཀའ་བསྩལ་ཏོ།། བསམ་བྱས་གང་དག་བསོད་ནམས་ཚོགས་པ་བསྐལ་བཟང་སྦྱིན་པའི་ཆོ་ག་བཞིན།། ཀུན་ཏུ་སེམས་ཅན་མང་ལ་ཀུན་མཁྱེན་དེ་དག་རྟག་ཏུ