e-texts navigator
Collection
Volume
Page
Wylie

260a1 ཞོ་ཤས་འཚོ་བ་དང་། མཛབ་ཤེས་དང་། བློན་པོ་དང་། ཉེ་དུ་དང་། འབྲེལ་པ་དང་། སྦྱིན་གནས་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་ཐམས་ཅད་ལ་རབ་ཏུ་སྦྱིན་པར་མི་བྱེད་ཅིང་། ཕ་མ་དག་ལ་ཡང
260a2 རབ་ཏུ་སྦྱིན་པར་མི་བྱེད་པ་དང་། ངེས་པར་བསྐྱང་བར་འོས་པ་དག་མི་སྐྱོང་ལ། བསྙེན་བཀུར་བྱེད་ཅིང་། བླ་མ་ལ་མོ་གུས་ལ་གཅེས་པར་མི་བྱེད་པ་སྟེ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དེ་དག
260a3 ལྡན་པ་རྣམས་ནི་ཡི་དགས་རྣམས་སུ་སྐྱེ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་གཅད་པ་འདི་དག་བཀའ་བསྔལ་ཏོ།། བཀྲེན་པའི་ཉེས་པས་བཅོམ་པ་ནོར་གཏོང་མ
260a4 འབོད་པ། དེ་དག་གཞན་དག་ལས་ནི་བླང་བར་འདོད་པར་བྱེད།། མཛད་རྣམས་ཀྱི་ནི་སྒོ་འཕར་དམ་དུ་བསྡམས་པ་རྣམས།། འདིར། ནི་བསྐྱང་འོས་རྩ་ལག་མཆོག་རྣམས་གསོ་མི་བྱེད།།
260a5 གཞན་ནོར་ཆུད་གསོན་པ་ཡིས་རྟག་ཏུ་བསྒྲག་པ་རྣམས།། བླ་མ་ལ་ཡང་དེ་དག་རབ་རྩུབ་བྱམས་ཅན་མིན།། དེ་དག་བདག་གི་ཆུང་མ་ལ་སོགས་ག་ས། ཚོགས་ལ།། དབྱིག་སྦྱིན་མི་བྱེད་ཤིན་དུ་སྙིང་རྩེ་ཤེས
260a6 མེད་ཅིང་། དཀར་པོ་དག་ལས་ལོག་པ་དེ་དག་འདི་ནས་ཤི་འཕོས་ནཱ།། ཡུན་རིང་མཆོག་ཏུ་ལུས་འབར་སྡུག་བསྔལ་ཡི་དགས་འགྱུར།། དེ་དག་ལོ་བརྒྱ་རྣམས་སུ་རྨི་ལམ་རྨིས་པར་ཡང་།། གོས་དང
260a7 ཟས་དང་བཏུང་བ་ནམ་ཡང་རྨི་མི་འགྱུར།། ཁབ་འདྲའི་ཁབ་དང་རིན་ཆེན་ལྟ་བུའི་ལྟོ་ཅན་རྣམས།། ཉམ་ཐག་ཤར་དང་ནུབ་ཀྱི་བརྒྱ་མཚོར་རྒྱུག་པར་བྱེད།། ཁ་ནས་མེ་འབར་ལུས་ངན་ཕྱོགས་དང་ལྷོ་ཕྱོག




iiif viewer powered by OpenSeadragon

259b - 260b

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo