e-texts navigator
Collection
Volume
Page
Wylie

259b1 ཀྱིས་འཕྲལ་དུས་འོག་འགྲོ་བ་བཞིན།། ལྷ་མིའི་གྲོང་དུ་སྡིག་པའི་ཕུང་པོ་མང་པོ་བྱས་པས་ན།། རྨོངས་པ་རྣམས་ནི་དེ་བཞིན་དུད་འགྲོ་རྣམས་སུ་མྱུར་དུ་འགྲོ། རྟ་དྲེའུ་རྔ་མོ་གླང་ཆེན་པ་གླང་མ་ཧེ་སེང་གེ་དང་། ཝ
259b2 དང་སྤྲུས་དང་བག་དང་ཁྱིམ་ལ་སོགས་པ་གྱུར་རྣམས་སུ།། རྩུ་བ་པ་དང་ཤ་དང་། བདུད་རྩི་ལོ་མའི་ཟས་ནཱ་ཞིང་། དེ་དག་རྟག་ཏུ་གནན་གྱི་ཁུར་ཁྱེར་བྱེད་ཅིང་དུབ་པར་འགྱུར།། བཀྲེས་པས་ཟིལ་གྱིས་དན།
259b3 པམ་གཅིག་ལ་གཅིག་པ་སྤུར་བྱེད་པ།། བསྐལ་པ་ཁྲག་ཁྲིཿ། རྣམས་སུ་འང་ནམ་ཡང་ཐར་བར་མི་འགྱུར་ཞིང་།། ཇི་ལྟར་རྒྱ་མཆོ་ག་ཅེ། ན་རུ་སཱལ་མིག་ནི་གཅིག་ཡོད་པས།། གཏུའ་ཞིང་དུ
259b4 གར་འགྲིན་པར་གཏད་པར་མ་ནུས་པར།། དེ་བཞིན་ལྷ་དང་མི་དང་། དབང་ཕྱུག་བདེ་བླག་དུ།། ལོག་པར་ལྡང་བ་བརྒྱ་ཡིས་ཐོབ་པར་ནུས་པ་མ། ཡིན་ཏེ།། སངས་རྒྱས་འོད་ཟེར་དམ་པའི་ཚོགས
259b5 ཅན་དཔག་ཏུ་མེད་པ་དང་། བྱང་ཆུབ་སེམས་དཔའ་ཁྱུ་མཆོག་འོད་ཀྱིས་དེ་དག་འབྱིན་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ་བསྩལ་པ། སྤོབས་པའི་བློ་གྲོས་སོས
259b6 ཅན་ལས་ལྔ་དང་ལྡན་པ་རྣམས་ནི། ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། ལྔ་གང་ཞེ་ན། དང་པོ་བཀྲེན་ཞིང་ཆགས་པ་དང་། མུན་པ་མུན་ནག་ཆེན་པོའི་གཤེས་གཉེན་དང་བསོགས་པའི་ལྷུན
259b7 བྱེད་པའི་ཕྱིར་བདག་ཉིད་ཀྱང་ལོངས་སྤྱོད་པར་མི་བྱེད་པ་དང་། ཆོས་མ་ཡིན་པ་དང་ལྡན་པའི་ཕྱིར་ཕྲ་དོག་དང་། སེར་སྣ་ལྷུར་ལེན་པར་བྱེད་པས། སྤུན་དང་། སྲིང་མོ་དང་བུ་དང་། ཆུང་མ་དང་བྲན་དང་། ལས་བྱེད་དང་།




iiif viewer powered by OpenSeadragon

259a - 260a

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo