e-texts navigator
Collection
Volume
Page
Wylie

258b1 འཇིག་པའི་སྡུག་བསྔལ་བྱིང་གྱུར་པའི།། འཇིག་རྟེན་སངས་རྒྱས་ཡོན་ཏན་རྒྱ་མཚོ་ཁས་ལེན་མི་བྱེད་དེ།། དེའི་ཀུན་རིག་མ་ཡིན་རྣལ་འབྱོར་རྒྱལ་པོ་མ་ཡིན་ཞེས།། བདག་ཉིད་ཆུད་གསན་སྐྱེ་བོ་གཞན་རྣམས་ལ་ཡང
258b2 བསླུ་བར་བྱེད།། བདེ་བར་གཤེགས་པའི་མཆོད་རྟེན་འབྱོར་པ་སྡུག་པའི་མཆོག་བྱས་ན།། དགེ་བ་ཆུ་དུ་འགྱུར་ཞིང་འཇིག་པར་བྱེད་པའི་ཚེར་འགྱུར་ཞེས།། མི་དགེ་འདི་ནི་མངོན་གསུམ་དགེ་བ་མདུན་ན་ཡོད
258b3 བཞིན་དུ། འོན་ཀྱང་སྡིག་པ་རྣམ་པ་སྣ་ཚོགས་ཀུན་ཏུ་སྤྱོད་པར་བྱེད།། བར་མ་བརྩོད་པའི་དུས་འདིར་བཞི་པོ་བཀྲེས་པས་ཉམ་ཐག་པ། ཕན་ཚུན་ཁོན་དུ་འཛིན་པས་དཀྲུགས་ཤིང་བླ་མ་སྤོང
258b4 པར་བྱེད། ཁོན་དུ་འདུས་པ་འདུལ་བའི་དགའ་བ། འདི་ནི་རྣམ་པཤིག་པས།། མི་བཟང་རོ་མེད་ལྡོག་པར་ལྟུང་བའི་སར་ནི་འགྲོ་བར་འགྱུར།། རྒྱལ་པོ་ཕ་དང་སྲིང་མོ་སྤུན་དང་གཞོ་ནུ་བུ་མོ
258b5 རྣམསབྱམས་པའི་ཡིད་ནི་ལོག་གྱུར་ལོངས་སྤྱོད་རྣཾས་ལ་བརྐམ་ཆགས་ཏེ།། བྱིས་པ་བུ་ལྟར་ཐམས་ཅད་གཅིག་ལ་གཅིག་ནི་གཞར་དགད་བྱེད།། ལོག་ལྟུང་དམ་པ་རྣམ་པར་འབྱིང་བར་འགྱུར་དུ་འགྲོ
258b6 བར་འགྱུར། མ་འོངས་དུས་འདིར་གང་དག་ཤིན་ཏུ་སྡིག་ཅན་སེམས་ཅན་རྣམས།། འཐུན་པར་མི་འཛིན་དགེ་སྦྱོང་ཁ་དོག་འཛིན་པ་གཟུགས་མི་བསྟག། ངན་པའི་བདག་ཉིད་ལྡན་པ་སྡིག་པའི་ཁྲག་ཁྲིག།
258b7 བྱེད་མྱུར་བ།། དེ་དག་ཤི་འཕོས་ནས་ནི་སྡིག་པའི་བརྩོད་པའི་མཆོག་གིས་གནོད།། མི་ཡིས་བསྐལ་པ་བརྒྱ་ཕྲག་མང་པོར་སྡིག་པ་ལྔ་པོ་དག། བསྒྲིབས་ཤིང་བྱས་པ་དག་ནི་བཤགས་པར་ནུས་པ་མ་ཡིན་ཏེ།




iiif viewer powered by OpenSeadragon

258a - 259a

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo