| e-texts navigator |
| Wylie |
258a1 ཏུ་བྱུང་སྟེ། བདག་ཉིད་དགེ་སློང་ཡིན་པར་ཁས་འཆེ་ཞིང་དགེ་བའི་ཆོས་སྒྲུབ་པ་ལ་ཡང་དག་པར་མི་གནས་ལ།། མཁན་པོ་དང་སློབ་དཔོན་རྣམས་མགུ་བར་མི་བྱེད་ཅིང་དཀའ་བློ་མི་བདེ་ལ་མཐུན་པར་མི་འཛིན
258a2 ཅིང་། ཡང་དག་པར་རྗེས་སུ་བསྟན་ཀྱང་རྗེས་སུ་བསྟན་པ་བསྒྲུབ་པར་མི་བྱེད་ཅིང་། སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་ལ་བདག་ལ་བསྟོད་པར་བྱེད། གཞན་ལ་སྨོད་པར་བྱེད་ཅིང་ང་རྒྱལ་དང་། རྒྱགས་པ་དང་། དྲེགྲ
258a3 བའི་ཤེས་ཆེ་ལ། བླ་མ་རྣམས་ལ་རྙས་པར་བྱེད། རྙེད་པ་དང་བཀུར་བསྟི་ལ་ལྷག་པར་ཞེན་ཅིང་བཀུར་བ་ཡང་འདེབས་པར་བྱེད་པ་སྟེ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣཾས
258a4 ནི། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར། ཞིང་། སྐྱེས་ནས་ཀྱང་ཇི་སྲིད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན། གྱི་ཁམས་འདིར་འཇིག་པ་མ་བྱུང་བ་དེ་སྲིད་དུ་གནས་པར་འགྱུར
258a5 ཞིང་། འཇིག་པ་བྱུང་ནས་ཀྱང་འཇིག་རྟེན་གྱི་ཁམས་གཞན་སེམས་ཅན་དམྱལ་བ་གང་དག་ཡོད་པ་དེ་དག་ཏུ་འཕེན་པར་འགྱུར་རོ།། གང་གི་ཚེ་དེར་ཡང་འཇིག་པ་འབྱུང་བར་གྱུར་ན། དེའི་ཚེ་འཇིག
258a6 རྟེན་གྱི་ཁམས་གཞན་ན། སེམས་ཅན་དམྱལ་བ་གང་དག་ཡོད་པ་དེ་དག་ཏུ་འཕེན་པར་འགྱུར་རོ།། དེ་བཞིན་དུ་སྦྱར་ཏེ། ཀུན་ཏུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་ན། སེམས་ཅན་དམྱལ་བ་གང
258a7 དག་ཡོད་པ་དེ་དག་ཏུ་འཁྱམ་ཞིང་སྡུག་བསྔལ་ཉམས་སུ་མྱོང་ལ་འབྱུང་བའི་མཐའ་མེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་བསྩལ་ཏོ།། རྨོངས་པས་ཐོག་མ་མེད་ནས