| e-texts navigator |
| Wylie |
257b1 པར་མི་འགྱུར་རོ།། མི་གང་ཁྱད་པར་འཕགས་པ་དགེ་བ་ལྔ་པོ་རྣམས།། བྱེད་དེ་ནི་སའི་བདག་པོར་རབ་ཏུ་འགྱུར།། སྟོབས་ལ་སོགས་དང་གཟུགས་དང་ལོངས་སྤྱོད་མི་བཟད་ལྡན།། གྲགས་ལྡན་ཤིན་ཏུ་གཙོ་བོ་རྣམས
257b2 ཀྱིས་རིམ་གྲོ་བྱས།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ་བསྩལ་པ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པོ་རྣམས་ནི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར
257b3 ཞིང་སྐྱེས་ནས་ཀྱང་དེ་དག་དུ་བསྐལ་པ་བྱེ་བ་མང་པོར་གནས་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ་སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་ལ་དད་པར་མི་བྱེད་ལ།། ཀུན་ཏུ་བསྔག
257b4 པ་མ་ཡིན་པ་བརྗོད་པས་བསྐུར་པ་འདེབས་པར་བྱེདཅིང་། འཕགས་པའི་ལམ་ལ་བརྙས་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་འཇིག་པ་དང་། བར་གྱི་བརྩོད་པའི་དུས་ན་ཡང
257b5 དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་ཟག་བཞི་པོ་མང་པོ་ལ་མི་གུས་པ། མཐུན་པར་མི་འཛིན་པ། འཇིག་རྟེན་གྱི་སྨྲ་བ་ལྷུར་ལེན་པ། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ
257b6 གཅིག་ལ་གཅིག་ཉེས་བརྩོམ་གྱིས་གཅིག་ལ་གཅིག་སྐུར་པ་འདེབས་པའི་ཚིག་གིས་རྒྱལ་པོ་དང་རྗེ་དཔོན་དང་། བློན་པོ་དང་། ཕ་དང་བུ་རྣམས་གཅིག་ལ་གཅིག་མི་མཐུན་པས་མི་གུས་པ་རྣམས་དང་། མ་འོངས
257b7 པའི་དུས་ན་དགེ་སློང་རྣམས་དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ལ་བརྟེན་ནས། ཁྱིམ་ནས་ཁྱིམ་མེད་པར་རབ