| e-texts navigator |
| Wylie |
257a1 མི་ཉིད་ཐོབ་པར་འགྱུར་ཞིང་ལོངས་སྤྱོད་ཀྱང་ཆེན་པོར་འགྱུར་བ་དང་། ཚེ་རིང་བ་དང་། མཛེས་པ་དང་། གཟི་བརྗིད་དང་ལྡན་པ་དང་། འཇིག་རྟེན་གྱི་རྗེ་དཔོན་དུ་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས
257a2 དེའི་ཚེ་ཚིགས་སུ་གཅད་པ་འདི་དག་བཀའ་བསྩལ་ཏོ།། སྦྱིན་པས་བྱིན་པས་མིའི་རྒྱལ་པོ་དམ་པར་འགྱུར།། རྟག་ཏུ་ལོངས་སྤྱོད་འབྱོར་དང་ལྡན་པར་རབ་ཏུ་འགྱུར།། ལུས་ངན་པོ་དང་མཚུངས་པར་སྦྱིན་དང
257a3 སྤྱོད་པར་བྱེད། རིགས་དང་དམ་པ་ཐོབ་པས་རྟག་ཏུ་དགའ་བར་འགྱུར།། ཚུལ་ཁྲིམས་མ་ཉམས་དེ་ནི་དཀོན་མཆོག་མཆོད་པར་བྱེད།། ཉེས་བྱས་ཡོངས་སུ་སྤངས་པས་ཤིན་ཏུ་ངེས་པ་སྟེ།། ཚེ་རིང་དོམ་པ་ཐོབ
257a4 ས་འཆི་འཕོ་མེད་པ་ཡིན།། བདེ་བ་ཐོབ་པས། སྐྱོན་མེད་རབ་ཏུ་དགའ་བར་འགྱུར།། དེས་པའི་མི་ནི་ཕ་རོལ་སེམས་འཁྲུགས་མ་བྱས་ཤིང་།། གཞན་དག་རྣམས་ཀྱིས་གདོན་བྱས
257a5 ཕྱིར་ནི་གནོད་མི་འགྱུར།། དེ་བཞིན་ཚིག་ངན་བརྗོད་ཀྱང་གཤེ་བར་མི་བྱེད་པས།། དགེ་བའི་མཆོག་གི་ཚུལ་ཐོབ་ནས་ནིམཛེས་པར་འགྱུར།། བརྩོན་འགྲུས་བཟང་ལྷག་པའི་བསམ
257a6 པས་སེམས་དཀར་ཞིང་།། སྟོབས་དང་གཟི་བརྗིད་ཆེན་པོ་དགེ་བ་རྣམས་དང་ལྡན།། དམག་དཔོན་ཉིད་ཀྱིས་དམ་པ་ཐོབ་པར་གྱུར་པ་ནས།། ལོངས་སྤྱོད་འབྱོར་པའི་སྤྱོད་ཡུལ་ལྡན་པར་ལྷ་དེར་འགྱུར།།
257a7 མི་འཕྲོགས་སེམས་ལྡན་མཁས་ཤིང་ཤིན་ཏུ་མཐུན་པ་སྟེ།། བྱས་པ་གཟོ་ཞིང་ལས་ལ་འདོད་པར་རབ་ཏུ་བྱེད།། དཀོན་མཆོག་གསུམ་དང་མ་ལ་སོགས་ལ་འཚོད་འཛངས་པ།། ནམ་ཡང་ཀུན་ལ་ཐེ་ཙོམ་བྱེད