e-texts navigator
Collection
Volume
Page
Wylie

256a1 སྲུང་བར་བྱེད་པ་ཡིན། གསོ་སྦྱོང་ལ་བརྩོན་ཞིང་བདེན་པར་སྨྲ་བ་ཡིན། རང་བཞིན་དུ་འདུག་ཅིང་ངག་གི་སྐྱོན་ཚད་མེད་པ་སྤོང་བར་བྱེད་པ་མྱོས་པར་འགྱུར་བའི་བཏུང་བ་སྤངས་པ་ཡིན་ཏེ། ལས
256a2 པོ་དེ་དག་དང་ལྡན་པ་རྣམས་ལྷའི་ལུས་འཐོབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་གཅད་པ་འདི་དག་བཀའ་བསྩལ་ཏོ།། སྲོག་ཆགས་གསོད་ལས་ལྡོག་པ་བྱས་པས་ལྷ་དང་མི་དང
256a3 རྣམས། འཇིག་རྟེན་དུ་ནི་མི་ཐུབ་ལུས་ཅན་ཚེ་རིང་ནད་མེད་འགྱུར་བུ་ཡིན། འོད་ཀྱི་དཀྱིལ་འཁོར་དགོ་པའི་ལུས་ཅན་ཤིས་ལྡན་དྲི་མེད་རྫོགས། པའི་ལུས།། ལྷ་ནང་རབ་མཆོག་དེའི་ལོངས་སྤྱོད་སྣ
256a4 ཚོགས་དཔལ་ཅན་རྟག་ཏུ་འབྱུང་།། བོར་མ་ཐག་ཏུ་ལྷ་ནང་རྟག་ཏུ་ལྷའི་དབང་ཕྱུག་རྣམས་སུ་འགྱུར།། བསམ་མེད་བརྩལ་བ་འཕྲོ་བ། རྣམ་ལོག་རིན་ཆེན་ལོངས་སྤྱོད་རྣམས་དང་ལྡན། རྟག
256a5 ཏུ་དགའ་ཞིང་རབ་ཏུ་ཡིད་དགའ་དཔལ་ལྡན་གཞལ་མེད་ཁང་གནས་ཤིང་།། རྩེ་ཞིང་དགེ་བའི་དཔག་བསམས་ཤིང་གི་ཡུལ་ན་མེ་ཏོག་གཏོར་ལུས་ལྡན། མཁས་ཤིང་འདོད་པ་མི་ཕན་ཡོངས་སྤངས
256a6 དྲི་མཆོག་དག་པའི་ལུས་དང་ལྡན།། ཚེ་རབས་ཀུན་ཏུ་དཔེ་མེད་གསེར་མཆོག་ལུས་དང་ལྡན་ཞིང་རབ་ཏུ་མཛེས།། རྟག་ཏུ་ལྷའི་ནང་དུ་བསྐལ་པ་བཟང་ཐོབ་ལུས་ལས་འོད་འབྱུང་འགྱུར།། ལྷ་མོ་སྣ་ཚོགས
256a7 ཚོགས་ཀྱིས་བསྐོར་ཅིང་འདོད་པའི་དཔལ་ལ་སྤྱོད་པར་བྱེད།། སྔོན་ཆད་ཆོ་ག་བཞིན་དུ་ངག་སྐྱོན་བཞི་སྤངས་ཁ་ནི་དྲི་ཞིམ་ལྡན།། གསལ་ཞིང་ཐོགས་མེད་མི་འཇིགས་ཚིག་མཆོག་ལྷ་རྣམས་འདིར་ནི་ངེས་པར་འབྱུང




iiif viewer powered by OpenSeadragon

255b - 256b

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo