| e-texts navigator |
| Wylie |
255b1 ཆོས་དང་དགེ་འདུན་དཀོན་མཆོག་རྣམས་དང་མི་འབྲལ་བར་འགྱུར་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ནས་ཀྱང་དེ་དག་ལ་ཆོས་ཐོས་ནས། ཡིད་དགའ་ཞིང་ཅི་བསམས་པ་བཞིན་དོན་ཡང་འགྲུབ་པར
255b2 འགྱུར། བདག་གིས་ཞུ་བ་བཅུ་པོ་ད་དག་ཞུས་པ་ལགས་ན། འབྱུང་པོ་གྲངས་མ་མཆིས་པ་ཐམས་ཅད་ལ་སྨན་པའི་སླད་དུ། བཅོམ་ལྡན་འདས་གསོལ་བ་མ་བཏབ་པར་དགེ་བའི་བཤེས་གཉེན་མཛད་པ། ཐུགས
255b3 རྗེ་ཆེན་པོ་དང་ལྡན་པ། དབང་དང་ལྡན་པ། ཆོས་ཐོས་ཅད་ལ་ལྐོག་ཏུ་མ་གྱུར་པའི་སྤྱོད་པ་དང་ལྡན་པས་རྣམ་པར་ཕྱེ་སྟེ་རྒྱས་པ། ལན་གསལ་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྤོབས
255b4 བའི་བློ་གྲོས་ལ་བཀའ་བསྩལ་པ། སྤོབས་པའི། བློ་གྲོས་ཁྱོད་ཀྱིས་ཇི་ལྟར་ཞི་བ་ཞུས་པ་རྣམས་རྒྱས་པར་ཕྱེ་སྟེ་བཤད། ཀྱིས་ཉོན་ཅིག། ཚོང་དཔོན་སྤོབས་པའི་བློ་གྲོས་ཀྱིས་བཅོམ
255b5 ལྡན་འདས་དེ་བཞིན་འཚལ་ལོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་བསྩལ་ཏོ།། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ
255b6 རྣམས་ཀྱིས་ནི་ལྷ་ཉིད་ཐོབ་པར་འགྱུར་ཏེ། ལྔ་གང་ཞེ་ན་དང་པོ་བྱམས་པ་དང་ལྡན་པའི་སེམས་ཀྱིས་གནོད་པ་མེད་སེམས་ཅན་རྣམས་ཡོངས་སུ་སྐྱོང་བར་བྱེད་ཅིང་བཟང་པོ་དང་ལྡན་པ་རྣམས་ཡིན། གཞན་གྱི
255b7 ནོར་འཕྲོགས་པར་མི་བྱེད་ཅིང་འགྲེན་པའི་སེམས་དང་ལྡན་པ་ལྡན་པ་མ་ཡིན་པས་ཡོངས་སུ་གཏོང་བར་བྱེད་པ་ཡིན། གཞན་གྱི་ཆུང་མ་ལ་མི་སྤྱོད་པ་རྣམས་ཀྱང་ཡོངས་སུ་དག་པ་ཡིན་ཏེ་བསླབ་པའི་གཞི་རྣཾས་ཀྱ