e-texts navigator
Collection
Volume
Page
Wylie

254b1 མང་པོ་དེ་དག་ཀྱང་བསྟན་པའི་འདི་ལས་འཇུག་ཅིང་རབ་ཏུ་འབྱུང་བའི་ཚུལ་འཐོབ་པ་དང་། དེ་དག་ཀྱང་ཕྱི་རོལ་གྱི་གོས་ངུར་སྨྲིག་ཙམ་དང་། ཁོང་བའི་ནང་གི་འདུན་པ་དང་། ཞེ་སྡང་དང་། ཤིན་དུ་མ་གུས་ཤིང་།
254b2 ཕན་པ་ཚུན་མི་འཐུན་ལ་གཅིག་ལ་གཅིག་བསྐུར་བ་འདེབས་པར་བགྱིད་པ་དང་། སྐྱོན་སྒྲོགས་པར་བགྱིད་པ་དང་། ཡོན་ཏན་ངེས་པར་སྲེད་པར་བགྱིད་པ་དང་། ང་རྒྱལ་དང་རྒྱགས་པ་དང་། དྲེག་པས་ནོན་ཅིང་ད
254b3 འཛིན་པ་དངང་ཡིར་འཛིན་པར་བགྱིད་པ་དང་། དེ་དག་ཤི་འཕོས་ནས་ཡང་ངན་སོང་གསུམ་དུ་སྐྱེ་ཞིང་ཡུད་ཙམ་ཞིག་རྙེད་པའི་དཔལ་ཡང་མ་འཚལ་བ་དང་། རབས་གཞན་དག་དུ་བསྐལ་པ་མང་པོར་སྡུག་བསྔལ་གྱི་ཚོར
254b4 བ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་མཆི་བ་དག་འབྱུང་བར་འགྱུར་བམཐོང་ལགས་སོ།། བཅོམ་ལྡན་འདས་དེའི་སླད་དུ་སེམས་ཅན་འདི་དག་ཡོངས་སུ་སྨིན་པར་བགྱི་བ་དང་། ངན་འགྲོའི་ལམ་ལས
254b5 རྣམ་པར་བཟློག་ནས་བསོད་ནམས་ཀྱི་གཞལ་མེད་ཁང་ཐོབ་པར་བགྱི་བཱི་ཆོས་རྣམས་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་སྤོབས་པའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།།
254b6 སྤོབས་པའི་བློ་གྲོས་དེ་ལྟར་ཁྱོད་ཀྱི་སེང་གེའི་སྒྲ་བསྒྲགས་པས་དེ་བཞིན་གཤེགས་པ་ལ་ཞུ་ཞིང་དེ་ལྟར་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་ལ་ཆོས་ཞུ་བར་སྤྲོ་བ་བསྐྱེད་པ་ལེགས་སོ་ལེགས་སོ།། སྤོབས་པའི་བློ་གྲོས
254b7 སེམས་ཅན་རྣམས་གང་ཐོབ་ནས་ལེགས་པར་རབ་ཏུ་དཔལ་དང་ལྡན་པར་འགྱུར་ཞིང་། ནག་པོའི་ཕྱོགས་བསྒྲུབ་པ་སྤངས་ནས་དཀར་པོའི་ཕྱོགས་ལ་ཞུགས། ཤིང་དོན་ཐམས་ཅད་འགྲུབ་པར་འགྱུར་བའི་ཆོས་དེ་དག་ཞུས་ཞིག།




iiif viewer powered by OpenSeadragon

254a - 255a

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo