| e-texts navigator |
| Wylie |
254a1 ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་གཡོག་འཁོར་དང་བཅས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་སངས་རྒྱས་ཀྱི་མཐུས་ཚོང་དཔོན
254a2 སྤོབས་པའི་བློ་གྲོས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདྲ
254a3 ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ནི་བླ་མའི་མཆོག་ཁམས་གསུམ་པའི་དམ་པ། བྱང་ཆུབ་ཀྱི་བསོད་ནམས་ཀྱི་ལྷག་པའི་གཞི། སེམས་ཅན་ཐམས་ཅད་ངེས་པར་སྒྲོལ་བར་མཛད་པ
254a4 ཀུན་ཏུ་ཁྱབ་པའི་ཐབས་ལ་མཁས་པའི་ཕྱོགས་ཐུག་པ་མ་མཆིས་པར་ངེས་པར་ཐོབ་པར་མཛད་པ་ལགས་ན། བཅོམ་ལྡན་འདས་མ་མཆིས་པའི་དུས་སྙིགས་མའི་རློག་པ་ལྔ་དང་ལྡན
254a5 པ་ལ། དུག་གསུམ་འབར་ཞིང་རབ་ཏུ་འབར་ལ་གཅིག་ལ་གཅིག་གདུང་བར་བགྱིད་པའི་སེམས་ཅན་རྣམས་ཀྱི་ནང་ན་གང་ཉེས་པར་བསམས་པ་སེམས་དཔའི་དུས་ན་གཙོ་བོ་མ་མཆིས་ཤིང་དེ་གང་གི
254a6 ཡང་མ་ལགས་པ་དང་། རྒྱལ་པོ་དང་བློན་པོ་རྣམས་ཡུལ་ལ་སྲེད་པའི་ཟིལ་གྱིས་ནོན་ཏེ་ཕན་ཚུན་མི་མཐུན་ཞིང་གཅིག་ལ་གཅིག་གཡུལ་འགྱེད་པ་དང་། དེ་དག་གཅིག་ལ་གཅིག་གཡུལ་འགྱེད་པ་ན། གཞན།
254a7 གྱི་དམག་གི་དཔུང་གི་ཚོགས་དང་། དེ་ལས་གཞན་པའི་ཡུལ་གྱི་མིང་ལུས་འཆག་འཚལ་བ་རྣམས་ཀྱི་མིད་ཡང་མི་གདའ་བ་དང་། སངས་རྒྱས་ཀྱི་བསོད་ནམས་ཀྱི་མཐུས་སངས་རྒྱས་ཀྱི་སློབ་མ་གང་ཟག་བཞི་པོ