| e-texts navigator |
| Wylie |
252a1 ཙམ་གྱི་ནམ་གྱི་གུང་ཐུན་ལ་ང་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་སང་དག་གཞག་ན་མི་མཇེད་ཀྱི་བདག་པོ་ཚངས་པས་ཐམས་ཅད་དང་ལྡན་པའི་ཚལ་ཆེན་པོ་འོད་ཀྱིས་སྣང་བར་བྱས་ནས་ང་དེར་འོངས་ཏེ་ཕྱིན
252a2 ནནས་ང་ལ་མངོན་པར་བསྟོད་དེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། མི་མཇེད་ཀྱི་བདག་པོ་ཚངས་པས་ངལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང
252a3 བསྟན་པའི་སླད་དུ་བཅོམ་ལྡན་འདས་བདག་ལ་སྐབས་དབྱེ་བར་གནང་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་བུའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགསོ།།
252a4 དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང་། ངས་མི་འཇེད་ཀྱི་བདག་ཚངས་པ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། ཚངས་པ་ཞུ་བ་ལུང་བསྟན་པའི་ཕྱིར། དེ་བཞིན་གཤེགས་པས་རྟག་ཏུ་ཁྱོད་ལ་སྐབས
252a5 ཕྱེས། ཚངས་པ་ཁྱོད་ཅི་དང་ཅི་འདོད་པ་ཞུས་ཤིག་དང་། ཞུ་བ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས། ངས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་ནས་ངས་སྐབས་ཕྱེ་བས་མི་འཇེད་ཀྱི་བདག་པོ་ཚངས་པས། ང་ལ་འདི་སྐད
252a6 ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས། དགེ་སློང་དག།
252a7 དེ་སྐད་ཅེས་གསོལ་པ་དང་། ངས་མི་འཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་གཅིག་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས།