e-texts navigator
Collection
Volume
Page
Wylie

250b1 དེར་སྐྱེས་པ་རྣམས་ཀྱི་ཚོར་བ་ཆུ་དུ་དང་། འབྲིང་དང་ཆེན་པོ་ཡང་རབ་ཏུ་ཤེས་སོ།། དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་སྨིན་པ་ཆུ་དུ་དང་། འབྲིང་དང་ཆེན་པོ་ལྔ་རྣམས་ཀྱི་ནང་དུ་འམ། མི་རྣམས་ཀྱི་ནང་དུ་སྨིན་པ་ཡང་།
250b2 རབ་ཏུ་ཤེས་སོ།། དེར་སྐྱེས་པ་རྣམས་ཀྱི་འབྲས་བུ་ཆུ་ངུ་དང་འབྲིང་དང་ཆེན་པོ་ཡང་རབ་ཏུ་ཤེས་སོ།། ཉན་ཐོས་ཡང་དག་པར་འགྲུབ་པར་བྱེད་ཆོས་རྣམས་ཀྱི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བ་དང་། ལན
250b3 ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་ཏུ་བྱ་བ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱ་བའི་རྣམ་པ་ཡང་རབ་ཏུ་ཤེས་སོ།། ཤེས་རབ་ཀྱིས་རྣམ་པར་གྲོལ
250b4 བ་ཉིད་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བ། ཡང་རབ་ཏུ་ཤེས་སོ།། རང་སངས་རྒྱས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་ཡང་དག་པར་འགྲུབ་པ་ཡང་རབ་ཏུ་ཤེས་སོ།།
250b5 འབྲས་བུ་དང་ཞི་བ་ཉིད་ཀྱང་རབ་ཏུ་ཤེས་སོ།། བྱང་ཆུབ་སེམས་དཔའ་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་ཆོག་ཀྱི་ལམ་ཡང་རབ་ཏུ་ཤེས་སོ།། ཤེས་ནས་ཀྱང་ཚོགས་ཀྱི
250b6 ལམ་དང་ཡེ་ཤེས་ཀྱི་ལམ་ལ་བརྩོན་པར་བྱེད་དོ།། སངས་རྒྱས་ཉིད་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་རྫུ་འཕྲུལ་ཆེ་བ་ཉིད་ཀྱང་རབ་ཏུ་ཤེས་སོ།། མཐུ་ཆེ་བ་ཉིད་དང་། དམ་པ་ཉིད་དང་། རབ
250b7 མཆོག་ཉིད་དང་། ཕུལ་དུ་བྱུང་བ་ཉིད་དང་། ཆེ་བ་ཉིད་དང་། ཉན་ཐོས་ཉིད་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཐུན་མོང་བ་ཡང་མ་ཡིན་ན། གཞན་སེམས་ཅན་ཐམས་ཅད་ད




iiif viewer powered by OpenSeadragon

250a - 251a

Texts on this page

Ng47.5 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo